སྲིད་ཇུས་ཁྲིམས་སྲོལ།
 

རྒྱུན་དུ་རྐང་ཐང་དུ་སོང་ན་ཕན་ཐོགས་འདི་འདྲ་ཡོད།

ཡོང་ཁུངས།:​ཀྲུང་གོ་བོད་ཀྱི་དྲ་བ།  སྤེལ་དུས།:2025-04-23  རྩོམ་པ་པོ།:མཚོ་སྔོན་བོད་ཡིག་གསར་འགྱུར།  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:


རྒྱུན་དུ་རྐང་ཐང་དུ་སོང་ན་ལུས་པོར་ཕན་ཐོགས་ཆེན་པོ་ཡོད་དེ། སྙིང་ཁམས་ཀྱི་ནུས་པ་ཇེ་ལེགས་སུ་འགྲོ་བ་དང་ཁྲག་རྩ་མཉེན་པོ་ཆགས་ནས་ཁྲག་རྩ་རྡོལ་བ་སོགས་ཀྱི་གནས་ཚུལ་ཐོན་ཚད་ཇེ་ཉུང་དུ་གཏོང་ཐུབ། ཤ་གནད་ཀྱི་ནུས་པ་ཇེ་ལེགས་སུ་ཕྱིན་ཏེ་རྐང་པ་སྤོ་བདེ་བར་མ་ཟད། རུས་ཚིགས་བདེ་ལ་མིའི་གཟུགས་པོའི་ཁྲག་འཁོར་རྒྱུག་ལ་ཕན་པ་ཆེ། ཟས་ཀྱི་དང་ག་འབྱེད་ཐུབ་པ་དང་ཁྲག་ཤེད་མཐོ་བའི་ནད་དང་། གཅིན་སྙི་ཟ་ཁུའི་ནད། ཤ་རྒྱགས་པ་ཆགས་པ། རྒྱུན་གཏན་རང་བཞིན་གྱི་བཤང་འགག་སོགས་ཀྱི་ནད་གཞི་འགོག་བཅོས་ལ་ཕན་པ་ཡོད། ཕྱི་རོལ་གྱི་མཁའ་རླུང་གཙང་མའི་ཁྲོད་གོམ་པ་བརྒྱབ་ཚེ་ཀླད་པའི་བསམ་གཞིག་བྱེད་ནུས་ཇེ་ལེགས་སུ་འགྲོ་བ་དང་དཀའ་ལས་ཁག་པའི་སྣང་ཚུལ་སེལ་ཐུབ་པས་སློབ་སྦྱོང་དང་ལས་ཀའི་ཕན་འབྲས་ཇེ་མཐོར་གཏོང་ཐུབ། ཁྲག་ཚིལ་རིགས་དང་མཁྲིས་རྒྱུའི་གཤེར་རྩི་གསོག་ཚད་ཇེ་ཉུང་དུ་གཏོང་ཐུབ་ལ་ཁྲག་མངར་ཇེ་ཉུང་དུ་ཕྱིན་ནས་ཁྲག་ནང་གི་ཚིལ་རིགས་འགྱུར་ཚད་ཡང་ཇེ་ཉུང་དུ་གཏོང་ཐུབ། མིའི་གྲོད་ཁོག་ངོས་སུ་ཚི་ལུ་གསོག་ཚད་ཇེ་ཉུང་དུ་ཕྱིན་ནས་གཟུགས་བྱད་ཇེ་ལེགས་སུ་གཏོང་ཐུབ། ཁྲག་གར་སླ་སྙོམས་སྒྲིག་ཐུབ་པས་སྙིང་རྩ་འགག་པ་སོགས་ཀྱི་ནད་ཕོག་ཚད་ཇེ་ཉུང་དུ་འགྲོ་ཐུབ། མཁལ་མའི་རྨེན་རྩི་ཐོན་མང་བའི་གནས་ཚུལ་སེལ་ཐུབ་པས་འཕར་རྩའི་ཁྲག་རྩའི་ནད་འགོག་ཐུབ། ཁོར་ཡུག་སྲུང་སྐྱོབ་དང་མཁའ་རླུང་མི་གཙང་བ་འགོག་ཐུབ་པར་མ་ཟད། ལུས་སྟོབས་འཕེལ་ཞིང་ནད་འགོག་ནུས་པ་ཇེ་ལེགས་སུ་གཏོང་ཐུབ། །

གོང་མ།:བཟའ་འདྲེ་དང་མཉམ་དུ་ཁྱོ་ག་ལྐོག་གསོད་ཀྱི་ངན་ཇུས་འཐེན།

ཞོལ་མ།:ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲུང་སློབ་གསོ་བཅའ་ཁྲིམས།