སྲིད་ཇུས་ཁྲིམས་སྲོལ།
 

རླུང་འཕྲིན་སྒྲིག་ཆས་ལ་གཏོར་བརླག་བྱས་ན་ཁྲིམས་ཆད་གང་དག་ཡོད།

ཡོང་ཁུངས།:​ཀྲུང་གོ་བོད་ཀྱི་དྲ་བ།  སྤེལ་དུས།:2026-05-12  རྩོམ་པ་པོ།:​ཀྲུང་གོ་བོད་ཀྱི་དྲ་བ།  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློག་གྲངས།:


བློ་མཐུན་རྩོམ་སྒྲིག་པ་ལགས།

སངས་རྒྱས་དོན་འགྲུབ་ནི་ཆུང་དུས་ནས་རླུང་འཕྲིན་ལས་ཁུངས་ཀྱི་ར་སྐོར་ཉེ་འཁོར་ནས་འཚར་ལོངས་བྱུང་བ་དང་།ཉིན་ཞིག ཁོ་རང་རྒྱ་སྲང་དུ་སོང་སྟེ་ཕྱིར་ཟི་ལིང་ཟངས་ལྕགས་བསྡུ་ལེན་ཚོང་གཉེར་ཁང་གི་སྒོ་ཁར་ཐོན་པ་ན།མི་ཞིག་གི་ཟང་སྐུད་བསྡམས་མ་ཞིག་ཀུང་སི་དེར་ཕྱིར་འཚོང་བྱེད་བཞིན་ཡོད་ལ།དེ་མ་ཐག་སྒོར་སུམ་བརྒྱ་ལྷག་གི་ཡོང་འབབ་ཡོད་པ་མཐོང་།ཁོའི་སེམས་སུ་འདི་ལྟ་བུའི་ཟངས་ལོག་ཅིག་རླུང་འཕྲིན་ར་སྐོར་ནང་གི་ལྕགས་སྒྲོམ་དེའི་ནང་དུ་ཡོད་པ་རེད་སྙམ།དགོང་མོར་ཁོས་ལྕགས་ཐོ་ཞིག་བཟུང་ནས་ལྕགས་སྒྲོམ་གྱི་ཟྭ་བཅག་སྟེ་ལྕགས་སྒྲོམ་ནང་གི་ཟངས་སྐུད་རྐུ་བཞིན་པའི་སྒང་ལ་ལས་ཁུངས་ཀྱི་ལྟ་སྲུང་མི་སྣས་ཁོ་རང་འཛིན་བཟུང་བྱས།མ་གཞི་ཁོས་བཅག་པའི་ལྕགས་སྒྲོམ་དེ་ནི་རླུང་འཕྲིན་ལས་ཁུངས་ཀྱི་འཕྲུལ་ཆས་གཙོ་བོ་ཞིག་ཡིན་པར་བཤད།འདིར་ཁྱེད་བཅའ་ཁྲིམས་བློ་སྟོན་ཁང་ལ་དྲི་རྒྱུ་ཞིག་ཡོད་པ་ནི་རླུང་འཕྲིན་སྒྲིག་ཆས་ལ་གཏོར་བརླག་བྱས་ན་ཁྲིམས་ཆད་གང་དག་ཡོད།

ཅེས་རྒྱ་མཚོ་ཡིས།

བློ་མཐུན་རྒྱ་མཚོ་ལགས།

དེང་རབས་ཚན་རྩལ་མགྱོགས་མྱུར་ངང་གོང་དུ་འཕེལ་བ་དང་བསྟུན་ནས་ཀུན་ཁྱབ་རླུང་འཕྲིན་དང་།བརྡ་འཕྲིན།གློག་འཕྲིན་བཅས་ཀྱིས་སྤྱི་ཚོགས་ཀྱི་ཆབ་སྲིད་དང་དཔལ་འབྱོར།འཚོ་བ་བཅས་ཀྱི་ཁྲོད་ནུས་པ་འདོན་ཚད་ཉིན་རེ་བཞིན་གལ་ཆེ་རུ་སོང་ནས་གསར་འགྱུར་ཁྱབ་སྤེལ་གཏོང་བའི་ལག་ཆ་ཙམ་དུ་མ་ཟད་དམིགས་བསལ་གྱི་གནས་ཚུལ་སྟེ།དཔེར་ན།རང་བྱུང་གི་གནོད་འཚེ་ཚབས་ཆེན་ཐོན་པའམ་ཡང་ན་གློ་བུར་རང་བཞིན་གྱི་དོན་རྐྱེན་བཟོ་སྐབས་མི་དམངས་ལ་དུས་ཐོག་ནས་གནས་ཚུལ་ཁྱབ་སྤེལ་གཏོང་བ་དང་སྣེ་ཁྲིད་བྱས་ཏེ་རྒྱ་ཆེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོབ་དང་སྤྱི་ཚོགས་བརྟན་བརླིང་སྲུང་སྐྱོབ་བྱེད་པའི་འགན་འཁྲི་ལྕི་བོ་འཁུར་གྱིན་ཡོད།ཉེས་ཁྲིམས་ནང་བྱ་སྤྱོད་དེ་རིགས་ལ་དམིགས་བསལ་དུ་གཏན་འཁེལ་བྱས་ནས་སྤྱིའི་བདེ་འཇགས་ལ་གནོད་འཚེ་ཚབས་ཆེན་གཏོང་བའི་ཉེས་གསོག་གི་བྱ་སྤྱོད་དེ་རིགས་ལ་རྡུང་རྡེག་དྲག་པོ་བྱེད་ཀྱིན་ཡོད།

དེ་བས་ཀུན་ཁྱབ་རླུང་འཕྲིན་དང་བརྙན་འཕྲིན་གྱི་སྒྲིག་བཀོད་དང་སྤྱི་སྤྱོད་གློག་འཕྲིན་གྱི་སྒྲིག་བཀོད་ལ་གཏོར་བཤིག་གཏོང་བའི་ཉེས་གསོག་གྲུབ་པར་གཤམ་གསལ་གྱི་ཆ་རྐྱེན་ལྡན་དགོས་པ་སྟེ།

1.བྱ་སྤྱོད་སྤེལ་མཁན་ལ་བསམ་བཞིན་དུ་ཀུན་ཁྱབ་རླུང་འཕྲིན་དང་འཕྲིན་གྱི་སྒྲིག་བཀོད་དང་སྤྱི་སྤྱོད་གློག་འཕྲིན་གྱི་སྒྲིག་བཀོད་ལ་གཏོར་བཤིག་བཏང་ནས་སྤྱིའི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་ཡོད་དགོས།

ཀུན་ཁྱབ་རླུང་འཕྲིན་གྱི་སྒྲིག་བཀོད་ནི་སྐུད་མེད་གློག་འཕྲིན་གྱི་ཀུན་ཁྱབ་བརྡ་འཕྲིན་ཕར་གཏོང་ཚུར་ལེན་སྟེགས་བུ་དང་ས་ཚུགས་སོགས་ལ་ཟེར།བརྙན་འཕྲིན་གྱི་སྒྲིག་བཀོད་ནི་གསར་འགྱུར་བརྡ་འཕྲིན་ཁྱབ་སྤེལ་གཏོང་བའི་བརྙན་འཕྲིན་འཕེན་གཏོང་སྟེགས་བུ་དང་བརྒྱུད་སྤེལ་སྟེགས་བུ་སོགས་ལ་གོ སྤྱི་སྤྱོད་གློག་འཕྲིན་གྱི་སྒྲིག་བཀོད་ནི་སྤྱི་ཚོགས་སྤྱི་སྤྱོད་བྱ་བཞག་ལ་སྤྱོད་པའི་འཕྲིན་གཏོང་སྒྲིག་བཀོད་དང་ཡོད་བྱད།དེ་བཞིན་སྤྱི་སྤྱོད་ཀྱི་འཕྲིན་གཏོང་སྒྲིག་བཀོད་དང་ཡོ་བྱེད་གཞན་ལའང་ཟེར།

2.བྱ་སྤྱོད་སྤེལ་མཁན་གྱིས་ཀུན་ཁྱབ་རླུང་འཕྲིན་དང་བརྙན་འཕྲིན་གྱི་སྒྲིག་བཀོད་དང་སྤྱི་སྤྱོད་གློག་འཕྲིན་གྱི་སྒྲིག་བཀོད་ལ་གཏོར་བཤིག་གཏོང་བའི་བྱ་སྤྱོད་དེ་ངེས་པར་སྤྱིའི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་ཚད་གཞིར་སླེབས་དགོས་ཤིང་།དེ་ལྟར་ཡིན་ཚེ་གཞི་ནས་ཉེས་གྲུབ་ཀྱིན་ཡོད།

ཉེས་གསོག་གྲུབ་པར་ཉེས་ཁྲིམས་ནང་ཉེས་ཚད་རིམ་པ་གཉིས་གཏན་འཁེལ་བྱས་ཡོད།སྤྱིའི་བདེ་འཇགས་ལ་གནོད་འཚེ་བཟོས་པ་ལ་དུས་བཀག་བཙོན་འཇུག་ལོ་གསུམ་ཡན་ནས་ལོ་བདུན་མན་གྱི་ཉེས་ཆད་གཅད་རྒྱུ་དང་།བྱ་སྤྱོད་སྤེལ་མཁན་གྱིས་ངན་འབྲས་ཚབས་ཆེན་བཟོས་པ་ཞེས་པ་ནི་འཕྲིན་གཏོང་མཚམས་ཆད་པ་དང་།དུས་ཐོག་ཏུ་ཉེན་ཁའི་གནས་ཚུལ་མེད་པར་བཟོ་མི་ཐུབ་པའམ་ཡང་ན་མང་ཚོགས་ཁ་བཀྲམ་མི་ཐུབ་པའི་སྟབས་ཀྱིས་མི་ཤི་རྨས་སམ་གཞུང་སྒེར་གྱི་རྒྱུ་ནོར་ལ་གྱོང་གུད་ཚབས་ཆེན་ཕོག་པ་སོགས་ཀྱི་གནས་ཚུལ་ཐོན་པ་ལ་ཟེར།

ཉེས་ཁྲིམས་ནང་བྱ་སྤྱོད་སྤེལ་མཁན་གྱི་ངོས་ནས་ཧོལ་རྒྱུག་བྱེད་པའམ་ཡང་ན་ཡིད་ཆེས་བྱེད་སླ་བ་སོགས་ཀྱི་རྐྱེན་གྱིས་ལས་འཛོལ་བྱུང་ནས་ཀུན་ཁྱབ་རླུང་འཕྲིན་དང་བརྙན་འཕྲིན་གྱི་སྒྲིག་བཀོད་དང་སྤྱི་སྤྱོད་གློག་འཕྲིན་གྱི་སྒྲིག་བཀོད་ལ་གཏོར་བཤིག་ཕོག་ནས་སྤྱིའི་བདེ་འཇགས་ལ་གནོད་འཚེ་ཕོག་པའི་བྱ་སྤྱོད་ལའང་ཆད་གཅོད་ཀྱི་གཏན་འཁེལ་བྱས་ཡོད།ཀུན་ཁྱབ་རླུང་འཕྲིན་དང་བརྙན་འཕྲིན་གྱི་སྒྲིག་བཀོད་དང་སྤྱི་སྤྱོད་གློག་འཕྲིན་གྱི་སྒྲིག་བཀོད་ལ་ལས་འཛོལ་གཏོར་བཤིག་གཏོང་བའི་བྱས་ཉེས་གསོག་མཁན་ལ་དུས་བཀག་བཙོན་འཇུག་ལོ་གསུམ་ནས་བདུན་མན་གྱི་ཉེས་ཆད་གཅད་རྒྱུ་དང་།ཀུན་ཁྱབ་རླུང་འཕྲིན་དང་བརྙན་འཕྲིན་གྱི་སྒྲིག་བཀོད་དང་སྤྱི་སྤྱོད་གློག་འཕྲིན་གྱི་སྒྲིག་བཀོད་ལ་གཏོར་བཤིག་གཏོང་ཚབས་ཅུང་ཆུང་བ།ཉེས་ཚབས་ཅུང་ཆུང་བའི་རིགས་ལ་དུས་བཀག་བཙོན་འཇུག་ལོ་གསུམ་ནམ་བཙན་ཉར་ལས་སྐུལ་བྱ་རྒྱུ།

གོང་མ།:སྤྱི་གཞུང་གི་བྱ་བ་ལས་སྐབས་བཀག་འགོག་བྱས་ན་ཇི་ལྟར་ཁྲིམས་ཆད་གཅད་དགོས།

ཞོལ་མ།:གསོ་སྐྱོང་བྱས་པའི་སྲོག་ཆགས་ཀྱིས་མི་གཞན་ལ་གནོད་སྐྱོན་བཟོས་ན་འགན་སུས་འཁུར་དགོས།