སྲིད་ཇུས་ཁྲིམས་སྲོལ།
 

ཚ་བོས་རང་གི་ཨ་ཁུའི་དངོས་པོ་བརྐུས་ན་ཉེས་འགལ་ཡིན་ནམ།

ཡོང་ཁུངས།:​ཀྲུང་གོ་བོད་ཀྱི་དྲ་བ།  སྤེལ་དུས།:2026-05-12  རྩོམ་པ་པོ།:​ཀྲུང་གོ་བོད་ཀྱི་དྲ་བ།  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློག་གྲངས།:



བློ་མཐུན་རྩོམ་སྒྲིག་པ་ལགས།

ད་ལོའི་ལོ་སར་སྐབས།ལོ་ན19ཅན་གྱི་བདེ་མཆོག་གིས་ཁོའི་ཨ་ཁུའི་རིན་ཐང་སྒོར1200ཡིན་པའི་ལུག་བདུན་བརྐུས་རྗེས་བཙོངས་པ་རེད།《མིག་སྔར་རྐུ་འཕྲོག་གྱོད་གཞི་སྒྲུབ་སྐབས་སུ་བཅའ་ཁྲིམས་བཀོལ་སྤྱོད་བྱེད་པའི་སྐོར་གྱི་གནད་དོན་འགའི་དྲིས་ལན》ཞེས་པར།“རྐུ་འཕྲོག་གྱོད་གཞི་སྒྲུབ་སྐབས་སུ།རང་ཁྱིམ་དང་ཉེ་རྒྱུད་དུ་རྒྱུ་རྫས་རྐུ་འཕྲོག་བྱས་པ་དང་།སྤྱི་ཚོགས་སྟེང་ནག་ཉེས་བསགས་པ་གཉིས་བར་དབྱེ་འབྱེད་བྱ་དགོས་པ”དང་།“གྱོད་གཞི་རིགས་འདིར་སྤྱིར་བཏང་དུ་ཉེས་བསགས་ལྟར་ཐག་གཅོད་མི་རུང”ཞེས་བསྟན་འདུག བདག་གི་བསམ་པར“བདེ་མཆོག་གི་ཨ་ཁུ་ནི་བདེ་མཆོག་གི་ཉེ་རྒྱུད་ཡིན”ཞེས་སྙམ་སྟེ།ཉེས་དོན་འགན་འཁྲི་རྩད་གཅོད་མ་བྱས་ན་ལེགས་ཞེས་བརྗོད་པ་ཡིན་ལ།བདེ་མཆོག་གི་ཨ་ཁུས་ཀྱང་ངའི་སྐད་ཆ་ལྟར་བསྒྲུབས་མོད།འོན་ཀྱང་ཅང་མ་འགོར་བར།ཞིབ་དཔྱོད་ཁང་གིས་བདེ་མཆོག་ལ་རྐུ་ཁྱེར་གྱི་ནག་ཉེས་ཡོད་ཅེས་ཟེར་བཞིན་འཛིན་བཟུང་བྱས།འདིར་ཁྱེད་བཅའ་ཁྲིམས་བློ་སྟོན་ཁང་ལ་དྲི་རྒྱུ་ཞིག་ཡོད་པ་ནི་རང་ཉིད་ཀྱི་ཨ་ཁུའི་དངོས་པོ་བརྐུས་ནའང་ཁྲིམས་དང་འགལ་བ་ཡིན་ནམ།ཞིབ་དཔྱོད་ཁང་གིས་བདེ་མཆོག་འཛིན་བཟུང་བྱ་རྒྱུའི་ཆོག་མཆན་བཀོད་པ་དེ་འགྲིག་གམ།

ཞེས་ཟོན་ཐར་རྒྱལ་གྱིས།

བློ་མཐུན་ཟོན་ཐར་རྒྱལ་ལགས།

རང་རྒྱལ་གྱི《ཉེས་ཁྲིམས》ཀྱིས་ཁྲིམས་འགལ་གྱི་བདག་འཛིན་བྱེད་པར་དམིགས་ཡུལ་དུ་བཟུང་ནས་ལྐོག་ཏུ་གཞུང་སྒེར་གྱི་གྲངས་འབོར་ཅུང་མང་པའི་རྒྱུ་ནོར་བརྐུས་ན་རྐུ་ཁྱེར་གྱི་ནག་ཉེས་བསགས་ཡོད་ཅེས་གཏན་འཁེལ་བྱས་ཡོད།རང་ཁྱིམ་དང་ཉེ་རྒྱུད་ཀྱི་རྒྱུ་རྫས་བརྐུས་ན་སྤྱི་བཏང་དུ་ཉེས་སྤྱོད་ལྟར་ཐག་གཅོད་གཅོད་མི་རུང་ཞེས་གཏན་འཁེལ་བྱེད་དོན་ནི།གཙོ་བོ་གྱོད་གཞི་རིགས་དེས་སྤྱི་ཚོགས་གནོད་འཚེ་བསྐྱལ་བའི་རང་བཞིན་ལས་ཆུང་བ་དང་།རིགས་འདི་ལྟ་བུའི་གྱོད་གཞིའི་རྒྱུ་བདག་གིས་སྤྱིར་བཏང་དུ་གཏུག་ཡུལ་གྱི་ཉེས་དོན་འགན་འཁྲི་རྩད་གཅོད་མི་བྱེད་པའི་རྒྱུ་མཚན་འདི་གཉིས་ལ་བསམ་གཞིག་བྱས་རྐྱེན་ཡིན་པ་ལས།ཉེ་རྒྱུད་ཀྱི་རྒྱུ་རྫས་རྐུ་ཁྱེར་བྱེད་ཆོག་ཅེས་བསྟན་པ་མ་ཡིན།རང་རྒྱལ་གྱི་ཉེས་དོན་གཏུག་བཤེར་བཅའ་ཁྲིམས་ཀྱི་དོན་ཚན58པའི་ཚན་པ5པར་ཉེ་རྒྱུད་ཅེས་པ་ནི་སྐྱེས་པ་དང་ཆུང་མ།ཕ་དང་མ།བུ་དང་བུ་མོ།སྤུན་ཟླ་དང་གཅེན་གཅུང་མིང་སྲིང་སོགས་ལ་བསྟན་པ་ཡིན་ཞེས་གཏན་འཁེལ་བྱས་ཡོད།


གོང་མ།:འགན་གཙང་ལེན་ས་ཞིང་ཤུལ་དངོས་ལྟར་རྒྱུན་འཛིན་བྱེད་ཆོག་གམ།

ཞོལ་མ།:སྤྱི་གཞུང་གི་བྱ་བ་ལས་སྐབས་བཀག་འགོག་བྱས་ན་ཇི་ལྟར་ཁྲིམས་ཆད་གཅད་དགོས།