སྲིད་ཇུས་ཁྲིམས་སྲོལ།
 

འཕྲིན་བཅར་བྱ་བའི་སྲོལ་ཡིག(གཉིས)

ཡོང་ཁུངས།:​ཀྲུང་གོ་བོད་ཀྱི་དྲ་བ།  སྤེལ་དུས།:2026-07-15  རྩོམ་པ་པོ།:​ཀྲུང་གོ་བོད་ཀྱི་དྲ་བ།  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློག་གྲངས།:

ལེའུ་གསུམ་པ། འཕྲིན་བཅར་དོན་བྱ་ཞུ་འདོན་དང་བདག་སྤྲོད། 

དོན་ཚན་བཅུ་བདུན་པ། སྤྱི་དམངས་དང་ཁྲིམས་མིའམ་ཡང་ན་རྩ་འཛུགས་གཞན་གྱིས་དྲ་རྒྱ་དང་འཕྲིན་ཡིག ཁ་པར། བརྙན་སྐྱེལ། བཅར་འདྲི་སོགས་ཀྱི་རྣམ་པས་རིམ་པ་སོ་སོའི་སྡེ་ཁག་དང་ལས་ཁུངས་ལ་གནས་ཚུལ་ཡར་ཞུ་བྱས་ཆོག་པ་དང་། གྲོས་གཞི་དང་བསམ་འཆར་འདོན་པའམ་ཞུ་གཏུག་རེ་ཞུ་བྱས་པར།  འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་ཀྱིས་སྒྲིག་ཁྲིམས་ལྟར་ཐག་གཅོད་བྱ་དགོས།

དོན་ཚན་སྔོན་མའི་གཏན་འཁེལ་གྱི་རྣམ་པ་སྤྱད་དེ་གནས་ཚུལ་ཡར་ཞུ་དང་། གྲོས་གཞི་དང་བསམ་འཆར་འདོན་པའམ་ཡང་ན་ཞུ་གཏུག་རེ་ཞུ་བྱེད་པའི་སྤྱི་དམངས་དང་ཁྲིམས་མིའམ་ཡང་ན་གཞན་རྩ་འཛུགས་ལ་འཕྲིན་བཅར་པ⑦ཟེར། 

དོན་ཚན་བཅོ་བརྒྱད་པ། རིམ་པ་སོ་སོའི་སྡེ་ཁག་དང་ལས་ཁུངས་ཀྱིས་དྲ་རྒྱའི་འཕྲིན་བཅར་ཐབས་ལམ་དང་། འཕྲིན་གཏོང་ས་གནས། ཞུ་གཏུག་ཁ་པར་འདྲི་རྟོག་དང་། འཕྲིན་བཅར་སྣེ་ལེན་བྱེད་པའི་དུས་ཚོད་དང་ས་གནས། འཕྲིན་བཅར་དོན་བྱ་ཐག་གཅོད་བྱས་པའི་མཇུག་འབྲས་འདྲི་རྩད་བྱེད་ཐབས་སོགས་འབྲེལ་ཡོད་གནས་ཚུལ་སྤྱི་ཚོགས་ལ་ཁྱབ་སྒྲོག་བྱེད་དགོས་པ་དང་། འཕྲིན་བཅར་སྣེ་ལེན་བྱེད་ཡུལ་ལམ་ཡང་ན་དྲ་ཚིགས་ཁྱབ་སྒྲོག འཕྲིན་བཅར་བྱ་བའི་འབྲེལ་ཡོད་ཀྱི་ཏང་ནང་གི་ཁྲིམས་སྲོལ་དང་བཅའ་ཁྲིམས། ཁྲིམས་ཡིག་དང་སྒྲིག་སྲོལ། འཕྲིན་བཅར་དོན་བྱ་ཐག་གཅོད་བྱེད་པའི་ལས་རིམ་དང་དེ་བཞིན་འཕྲིན་བཅར་པར་སྟབས་བདེ་འདོན་སྤྲོད་བྱེད་པའི་འབྲེལ་ཡོད་དོན་བྱ་གཞན་བཅས་ཁྱབ་བསྒྲགས་བྱ་དགོས། 

རིམ་པ་སོ་སོའི་སྡེ་ཁག་དང་ལས་ཁུངས་ཀྱི་མགོ་ཁྲིད་ལས་བྱེད་པས་མང་ཚོགས་ཀྱི་ཡིག་སྐུར་དང་དྲ་ཐོག་འཕྲིན་བཅར་རིགས་བལྟས་ཏེ་སྒྲུབ་པ་དང་། དུས་བཅད་ལྟར་མང་ཚོགས་ཀྱི་ངོ་བཅར་སྣེ་ལེན། བཅར་འདྲིར་སོང་སྟེ། མང་ཚོགས་བསམ་འཆར་ཆེ་བའི་གནད་དོན་འབུར་ཐོན་ཐག་གཅོད་བྱེད་པར་འགན་ལེན་བྱ་དགོས།

གྲོང་ཁྱེར་དང་རྫོང་རིམ་པའི་ཏང་ཨུ་དང་སྲིད་གཞུང་གིས་མཉམ་འབྲེལ་སྣེ་ལེན་བྱ་བའི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས།བྱ་བའི་དགོས་མཁོ་ལྟར་འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་རྩ་འཛུགས་བྱས་ཏེ་མཉམ་འབྲེལ་སྣེ་ལེན་བྱེད་པ་དང་། གཅིག་འཐུས་རྣམ་པའི་⑧འཕྲིན་བཅར་གནད་དོན་ཐག་གཅོད་བྱ་དགོས།

རྩ་འཛུགས་དང་མི་སྒེར་སུས་ཀྱང་འཕྲིན་བཅར་པར་རྡུང་རྡེག་དང་འཁོན་ལན་སློག་མི་ཆོག

དོན་ཚན་བཅུ་དགུ་བ།  འཕྲིན་བཅར་པས་སྤྱིར་བཏང་དུ་ཡིག་ཐོག་ནས་འཕྲིན་བཅར་དོན་བྱ་འདོན་དགོས། དེའི་རུས་མིང(མིང)དང་སྡོད་གནས། རེ་བ། དོན་དངོས་རྒྱུ་མཚན་བཅས་གསལ་བོར་འགོད་དགོས། ངག་ཐོག་ནས་འཕྲིན་བཅར་དོན་བྱ་བཏོན་ན།འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་ཀྱིས་ཟིན་ཐོ་ཇི་མ་ཇི་བཞིན་འགོད་དགོས།

འཕྲིན་བཅར་པས་བཏོན་པའི་འཕྲིན་བཅར་དོན་བྱ་དོན་དངོས་བདེན་པ་ཡིན་དགོས་པ་དང་། དེས་འདོན་སྤྲོད་བྱས་པའི་རྒྱུ་ཆའི་ནང་དོན་བདེན་རྫུན་ལ་འགན་འཁུར་དགོས་པ་དང། དོན་དངོས་རྫུན་བཟོ་དང་འཁྱོག་བཤད་བྱས་མི་ཆོག་ཅིང། མི་གཞན་ལ་སྙོན་གཏུག་དང་མ་ཉེས་ཁ་གཡོགས་བྱས་མི་ཆོག

འཕྲིན་བཅར་དོན་བྱ་བདག་སྤྲོད་བྱས་ཟིན་པའམ་ཡང་ན་སྒྲུབ་བཞིན་པའི་སྒང་ཡིན་ན། འཕྲིན་བཅར་པས་གཏན་འཁེལ་དུས་བཅད་ནང་དུ་བདག་སྤྲོད་བྱས་པ་དང་ལས་སྒྲུབ་སྡེ་ཁགལས་ཁུངས་ཀྱི་གོང་རིམ་ལས་ཁུངས་ལ་ཡང་བསྐྱར་འཕྲིན་བཅར་དོན་བྱ་གཅིག་འདྲ་བཏོན་ན། གོང་རིམ་སྡེ་ཁག་དང་ལས་ཁུངས་ཀྱིས་བདག་སྤྲོད་མི་བྱེད། 

དོན་ཚན་ཉི་ཤུ་བ། འཕྲིན་བཅར་པས་ངོ་བཅར་རྣམ་པས་དོན་བྱ་ཞུ་འདོན་བྱེད་ན། ཐག་གཅོད་བྱེད་དབང་ཡོད་པའི་རིམ་པ་འམ་རིམ་པ་གོང་མའི་སྡེ་ཁག་དང་ལས་ཁུངས་ཀྱིས་དམིགས་འཛུགས་བྱས་པའི་སྣེ་ལེན་བྱེད་ཡུལ་དུ་ཕྱིན་ནས་ཞུ་འདོན་བྱེད་དགོས།

འཕྲིན་བཅར་པས་ངོ་བཅར་རྣམ་པས་ཞུ་འདོན་བྱས་པའི་གཏུག་བཤེར་ཁེ་དབང་རོགས་སྐྱོབ⑨དང་འབྲེལ་བ་ཡོད་པའི་འཕྲིན་བཅར་དོན་བྱ་ཡིན་ན། བཅའ་ཁྲིམས་ཁྲིམས་སྲོལ་གྱི་གཏན་འཁེལ་ལས་རིམ་ལྟར་འབྲེལ་ཡོད་སྲིད་ཁྲིམས་སྡེ་ཁག་ལ་ཞུ་འདོན་བྱ་དགོས།

མི་མང་པོས་ངོ་བཅར་རྣམ་པས་ཐུན་མོང་གི་འཕྲིན་བཅར་དོན་བྱ་ཞུ་འདོན་བྱེད་ན་འཐུས་ཚབ་མི་སྣ་འདེམས་དགོས་པ་དང་། འཐུས་ཚབ་པའི་མི་གྲངས5ལས་བརྒལ་མི་ཆོག

རིམ་པ་སོ་སོའི་སྡེ་ཁག་དང་ལས་ཁུངས་ཀྱིས་ཁོངས་གཏོགས་ལྟར་འགན་འཁྲི་ལག་བསྟར་བྱས་ཏེ། ནན་ཏན་གྱིས་མང་ཚོགས་ཀྱི་ངོ་བཅར་སྣེ་ལེན་ཐག་གཅོད་བྱེད་དགོས་པ་དང་། གནད་དོན་བྱུང་ས་ནས་ཐག་གཅོད་བྱེད་དགོས། འཕྲིན་བཅར་པས་གནས་དེ་རུ་ཡར་ཞུ་བྱས་པའི་གནད་དོན་ལ་ཁྲིད་སྟོན་བྱ་དགོས།

དོན་ཚན་ཉེར་གཅིག་པ། རིམ་པ་སོའི་ཏང་ཨུ་དང་སྲིད་གཞུང་གིས་འཕྲིན་བཅར་བྱ་བ་ཆ་འཕྲིན་ཅན་དང་རིག་ནུས་ཅན་དུ་འཛུགས་སྐྲུན་བྱེད་པར་ཤུགས་བསྣན་ཏེ། སྒྲིག་སྲོལ་དང་ཁྲིམས་ལྟར་གོ་རིམ་ལྡན་པའི་ངང་འཕྲིན་བཅར་ཆ་འཕྲིན་མ་ལག་ཕན་ཚུན་སྦྲེལ་མཐུད་དང་ཆ་འཕྲིན་མཉམ་སྤྱོད་བཅས་བྱ་དགོས། 

རིམ་པ་སོ་སོའི་སྡེ་ཁག་དང་ལས་ཁུངས་ཀྱིས་འཕྲིན་བཅར་དོན་བྱ་དུས་ལྟར་འཕྲིན་བཅར་ཆ་འཕྲིན་མ་ལག་ཏུ་ཐོ་འགོད་བྱེད་དགོས་པ་དང་། དྲ་ཐོག་འཕྲིན་བཅར་དང་འཕྲིན་སྐུར། ངོ་གཏུག་དང་ཁ་པར་བཏང་བ་བཅས་དྲ་ཐོག་ཏུ་འཁོར་རྒྱུག་བྱེད་དུ་བཅུག་སྟེ་འཕྲིན་བཅར་པས་འཕྲིན་བཅར་དོན་བྱ་བསྒྲུབས་ཚུལ་འདྲི་རྩད་དང་། དཔྱད་འཇོག་བྱེད་པར་སྟབས་བདེ་བསྐྲུན་དགོས།

དོན་ཚན་ཉེར་གཉིས་པ། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་འཕྲིན་བཅར་ལས་ཁུངས་སུ་ཡིག་གཏུག་དོན་བྱ་འབྱོར་རྗེས་ཐོ་འགོད་བྱེད་དགོས། གནས་ཚུལ་དབྱེ་འབྱེད་བྱས་ཏེ། ཉིན15ནང་གཤམ་གྱི་ཐབས་ལམ་རེ་རེ་བཞིན་ཐག་གཅོད་བྱ་དགོས། 

(གཅིག)འགན་འཁྲི་ལྟར་རིམ་པ་དེའི་སྡེ་ཁག་དང་ལས་ཁུངས་སམ་ཡང་ན་དེའི་ལས་སྒྲུབ་སྡེ་ཁག་གིས་ཐག་གཅོད་བྱེད་དགོས་ན། ཐག་གཅོད་བྱེད་དབང་ཡོད་པའི་སྡེ་ཁག་དང་ལས་ཁུངས་ལ་བརྒྱུད་སྤྲོད་བྱེད་དགོས། གནས་ཚུལ་ཚབས་ཆེན་དང་ཛ་དྲག་ཆེ་བའི་རིགས་ཡིན་ན་དུས་ཐོག་ཏུ་གྲོས་གཞི་འདོན་དགོས་པ་དང་། རིམ་པ་དེའི་ཏང་ཨུ་དང་སྲིད་གཞུང་ལ་ཐག་གཅོད་བྱེད་པར་ཡར་ཞུ་བྱ་དགོས། 

(གཉིས།)རིམ་པ་ཞོལ་པའི་སྡེ་ཁག་དང་ལས་ཁུངས་སམ་ཡང་ན་དེའི་ལས་བྱེད་མི་སྣ་དང་འབྲེལ་བ་ཡོད་ན།“མངའ་ཁོངས་དོ་དམ་དང་རིམ་དགར་འགན་ལེན། སུས་གཙོ་སྐྱོང་དེས་འགན་འཁུར་བའི་”རྩ་དོན་ལྟར་ཐག་གཅོད་བྱེད་དབང་ཡོད་པའི་སྡེ་ཁག་དང་ལས་ཁུངས་ལ་བརྒྱུད་སྤྲོད་བྱ་དགོས།

(གསུམ།)བརྒྱུད་སྤྲོད་བྱས་པའི་འཕྲིན་བཅར་དོན་བྱ་ཁྲོད་ཀྱི་གལ་ཆེའི་གནས་ཚུལ་སྒྲུབ་པའི་མཇུག་འབྲས་ཕྱིར་ལན་བསློག་དགོས་ན། ཐག་གཅོད་བྱེད་དབང་ཡོད་པའི་སྡེ་ཁག་དང་ལས་ཁུངས་ལ་སྤྲད་དེ་བསྒྲུབ་ཏུ་བཅུག་ཆོག་པ་དང་། དེར་གཏན་འཁེལ་ཀྱི་དུས་བཅད་ནང་ཕྱིར་ལན་བསློག་པར་བླང་བྱ་འདོན་པ་དང་། ཐག་གཅོད་བྱས་པའི་མཇུག་འབྲས་ཀྱི་སྙན་ཞུ་སྤྲོད་དགོས། 

རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་འཕྲིན་བཅར་ལས་སྒྲུབ་སྡེ་ཁག་ལ་འབྱོར་བའི་བཅའ་ཁྲིམས་དང་གཏུག་བཤེར་དུ་གཏོགས་པའི་ཡིག་འཕྲིན། རིམ་པ་གཅིག་པའི་སྲིད་ཁྲིམས་ལས་ཁུངས་ལ་སྤྲད་ནས་ཁྲིམས་ལྟར་ཐག་གཅོད་བྱེད་དུ་འཇུག་དགོས། གནད་དོན་རེ་ཞུ་མཁན་ལ་གཏུག་བཤེར་དང་འབྲེལ་བ་ཡོད་པའི་ཁྲིམས་གྱི་འགྲེལ་བ་དང་གནས་ལུགས་གསལ་བཤད་བྱས་ནས་འབྲེལ་ཡོད་སྲིད་ཁྲིམས་སྡེ་ཁག་ལ་གནད་དོན་ཞུ་བར་ཁྲིད་སྟོན་བྱ་དགོས།  སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་ཁུངས་ཀྱིས་བདག་སྤྲོད་བྱེད་པའི་ཉེས་འདོན་དང་ཞུ་གཏུག་གི་འཕྲིན་བཅར་དོན་བྱ་ཡིན་ན། དོ་དམ་གྱི་དབང་ཚད་ལྟར་འབྲེལ་ཡོད་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་ཁུངས་ལ་བརྒྱུད་སྤྲོད་བྱས་ཏེ་སྒྲིག་ཁྲིམས་ལྟར་ཐག་གཅོད་བྱ་དགོས།

དོན་ཚན་ཉེར་གསུམ་པ། ཏང་ཨུ་དང་སྲིད་གཞུང་འཕྲིན་བཅར་ལས་ཁུངས་ལས་གཞན་པའི་སྡེ་ཁག་དང་ལས་ཁུངས་ལ་འཕྲིན་བཅར་པས་ཐད་ཀར་བཏོན་པའི་འཕྲིན་བཅར་དོན་བྱ་འབྱོར་རྗེས་ཐོ་འགོད་བྱ་དགོས། རང་སྡེ་ཁག་དང་ལས་ཁུངས་ཀྱི་འགན་དབང་ཁྱབ་ཁོངས་སུ་གཏོགས་ན། འཕྲིན་བཅར་པར་དང་ལེན་བྱས་པའི་གནས་ཚུལ་དང་ཐག་གཅོད་བྱེད་ཐབས་ཀྱི་ལས་རིམ་གསལ་བརྡ་གཏོང་དགོས། རང་མ་ལག་གི་རིམ་པ་འོག་མའི་སྡེ་ཁག་དང་ལས་ཁུངས་ཀྱི་འགན་དབང་ཁྱབ་ཁོངས་སུ་གཏོགས་ན།  ཐག་གཅོད་བྱེད་དབང་ཡོད་པའི་སྡེ་ཁག་དང་ལས་ཁུངས་ལ་བརྒྱུད་སྤྲོད་དང་མངག་བཀོད་བྱེད་དགོས་པ་མ་ཟད། འཕྲིན་བཅར་པར་བརྒྱུད་སྤྲོད་དང་མངག་བཀོད་བྱེད་ཕྱོགས་གསལ་བརྡ་གཏོང་དགོས།   རང་སྡེ་ཁག་དང་ལས་ཁུངས་སམ་ཡང་ན་རང་མ་ལག་སྡེ་ཁག་གི་འགན་དབང་ཁྱབ་ཁོངས་སུ་མི་གཏོགས་ན།  འཕྲིན་བཅར་པར་ཐག་གཅོད་བྱེད་དབང་ཡོད་པའི་སྡེ་ཁག་དང་ལས་ཁུངས་ལ་ཞུ་འདོན་བྱེད་དགོས་པའི་གསལ་བརྡ་གཏོང་དགོས།

འཕྲིན་བཅར་པས་ཐད་ཀར་བཏོན་པའི་འཕྲིན་བཅར་དོན་བྱ། འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་ཀྱིས་ཡུལ་དངོས་དེར་གསལ་བཤད་བྱེད་ཐུབ་ན་ཡིག་ཐོག་ནས་གསལ་བཤད་བྱ་དགོས། ཡུལ་དངོས་དེར་གསལ་བརྡ་གཏོང་མི་ཐུབ་ན་འཕྲིན་བཅར་དོན་བྱ་འབྱོར་བ་ནས་བཟུང་ཉིན15ནང་ཡིག་ཐོག་ནས་འཕྲིན་བཅར་པར་གསལ་བརྡ་གཏོང་དགོས། འོན་ཀྱང་འཕྲིན་བཅར་པའི་རུས་མིང(མིང)དང་སྡོད་གནས་མི་གསལ་བ་འདིའི་ཁོངས་སུ་མི་ཚུད།

ཏང་ཨུ་དང་སྲིད་གཞུང་འཕྲིན་བཅར་ལས་ཁུངས་སམ་ཡང་ན་རང་མ་ལག་སྡེ་ཁག་གི་རིམ་པ་གོང་མའི་སྡེ་ཁག་དང་ལས་ཁུངས་ཀྱིས་བརྒྱུད་སྤྲོད་དང་མངག་བཀོད་བྱས་པའི་འཕྲིན་བཅར་དོན་བྱ། རང་སྡེ་ཁག་དང་ལས་ཁུངས་ཀྱི་འགན་དབང་ཁྱབ་ཁོངས་སུ་གཏོགས་ན། འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་ཀྱིས་འཕྲིན་བཅར་དོན་བྱ་འབྱོར་བ་ནས་བཟུང་ཉིན15ནང་འཕྲིན་བཅར་པར་དང་ལེན་བྱས་པའི་གནས་ཚུལ་དང་ཐག་གཅོད་བྱེད་ཐབས་ཀྱི་ལས་རིམ་ཡིག་ངོས་ནས་གསལ་བརྡ་གཏོང་དགོས། རང་སྡེ་ཁག་དང་ལས་ཁུངས་སམ་ཡང་ན་རང་མ་ལག་སྡེ་ཁག་གི་འགན་དབང་ཁྱབ་ཁོངས་སུ་མི་གཏོགས་ན།  འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་ཀྱིས་འཕྲིན་བཅར་འབྱོར་བ་ནས་བཟུང་བྱ་བའི་ཉིན5ནང་བསམ་འཆར་མི་མཐུན་པ་འདོན་དགོས་པར་མ་ཟད། རྒྱུ་མཚན་གསལ་ཞིང་ཞིབ་ཕྲ་བརྗོད་དེ། བརྒྱུད་སྤྲོད་དང་མངག་བཀོད་བྱས་པའི་འཕྲིན་བཅར་ལས་ཁུངས་སམ་ཡང་ན་གོང་རིམ་སྡེ་ཁག་དང་ལས་ཁུངས་ཀྱིས་ཞིབ་བཤེར་གཏན་འབེབས་བྱས་ཏེ་འཐད་པ་བྱུང་རྗེས། འབྲེལ་ཡོད་རྒྱུ་ཆ་ཕྱིར་སྤྲོད་དགོས། 

སྲིད་ཁྲིམས་སྡེ་ཁག་གིས་ཐག་གཅོད་བྱེད་པའི་གཏུག་བཤེར་ཁེ་དབང་རོགས་སྐྱོབ་དོན་བྱ་དང་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་ཁུངས་ཀྱིས་ཐག་གཅོད་བྱེད་པའི་མཚང་འབྱིན་ཁྲིམས་གཏུག་དོན་བྱ་དང་འབྲེལ་བ་ཡོད་པའི་དོན་བྱ་འབྲེལ་ཡོད་གཏན་འཁེལ་ལྟར་ལག་བསྟར་བྱེད་དགོས་པའི་གསལ་བརྡ་གཏོང་དགོས།

དོན་ཚན་ཉེར་བཞི་བ། འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་གཉིས་སམ་ཡང་ན་གཉིས་ཡན་གྱི་ཡིག་གཏུག་དོན་བྱ། འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་ཀྱིས་གྲོས་སྡུར་བྱས་ཏེ་བདག་སྤྲོད་བྱེད་དགོས། བདག་སྤྲོད་བྱེད་པར་རྩོད་གཞི་ཡོད་ན།  དེའི་ཐུན་མོང་གི་གོང་རིམ་སྡེ་ཁག་དང་ལས་ཁུངས་ཀྱིས་བདག་སྤྲོད་བྱེད་པའི་སྡེ་ཁག་གཏན་འཁེལ་བྱེད་དགོས། བདག་སྤྲོད་བྱེད་པར་རྩོད་གཞི་ཡོད་མོད། ཐུན་མོང་གི་གོང་རིམ་སྡེ་ཁག་དང་ལས་ཁུངས་མེད་ན། ཐུན་མོང་གི་འཕྲིན་བཅར་བྱ་བའི་མཉམ་འབྲེལ་གྲོས་ཚོགས་ཀྱིས་མཐུན་སྦྱོར་བྱས་ཏེ་ཐག་གཅོད་བྱ་དགོས། 

འཕྲིན་བཅར་དོན་བྱ་ཐག་གཅོད་བྱེད་པའི་སྡེ་ཁག་དང་ལས་ཁུངས་དབྱེ་འཛུགས་དང་ཟླ་སྒྲིལ། རྩིས་མེད་བཅས་བྱས་པ་ཡིན་ན། དེའི་འགན་དབང་མུ་མཐུད་སྤྱོད་པའི་སྡེ་ཁག་དང་ལས་ཁུངས་ཀྱིས་བདག་སྤྲོད་བྱ་རྒྱུ་དང་། འགན་ཁུར་མི་གསལ་ན་རིམ་པ་དེའི་ཏང་ཨུ་དང་སྲིད་གཞུང་ཡང་ན་དམིགས་འཛུགས་བྱས་པའི་སྡེ་ཁག་དང་ལས་ཁུངས་ཀྱིས་བདག་སྤྲོད་བྱ་དགོས། 

དོན་ཚན་ཉེར་ལྔ་བ། རིམ་པ་སོ་སོའི་སྡེ་ཁག་དང་ལས་ཁུངས་ཀྱིས་སྤྱི་ཚོགས་ལ་ཤུགས་རྐྱེན་ཆེ་ཞིང་ཛ་དྲག་གི་འཕྲིན་བཅར་དོན་བྱ་དང་འཕྲིན་བཅར་གནས་ཚུལ་འབྱུང་སྲིད་ན།  དུས་ཐོག་ཏུ་རིམ་པ་དེའི་ཏང་ཨུ་དང་སྲིད་གཞུང་ལ་སྙན་སེང་ཞུ་དགོས། འབྲེལ་ཡོད་གཙོ་སྒྲུབ་ལས་ཁུངས་དང་རིམ་པ་དེའི་འཕྲིན་བཅར་བྱ་བའི་མཉམ་འབྲེལ་གྲོས་ཚོགས་གཞུང་ལས་ཁང་ལ་བརྡ་ཁྱབ་གཏོང་དགོས། འགན་འཁྲིའི་ཁྱབ་ཁོངས་ནང་དུས་ཐོག་ཏུ་ཁྲིམས་ལྟར་བྱེད་ཐབས་སྤྱད་དེ་ཤུགས་རྐྱེན་ངན་པ་འབྱུང་བ་དང་རྒྱ་བསྐྱེད་དུ་འགྲོ་བར་སྔོན་འགོག་བྱ་དགོས། 

ས་གནས་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་འཕྲིན་བཅར་ལས་ཁུངས་ལ་ཚབས་ཆེ་ཞིང་ཛ་དྲག་གི་འཕྲིན་བཅར་དོན་བྱ་དང་འཕྲིན་བཅར་གནས་ཚུལ་འབྱོར་ན། མ་པ་གོང་མའི་འཕྲིན་བཅར་ལས་ཁུངས་ལ་སྙན་སེང་ཞུ་དགོས་པ་དང་། དུས་མཚུངས་སུ་རྒྱལ་ཁབ་འཕྲིན་བཅར་ཅུའུ་ལ་སྙན་སེང་ཞུ་དགོས། 

དོན་ཚན་ཉེར་དྲུག་པ། འཕྲིན་བཅར་པས་འཕྲིན་བཅར་བྱེད་པའི་གོ་རིམ་ཁྲོད་བཅའ་ཁྲིམས་དང་ཁྲིམས་ཡིག་བརྩི་སྲུང་བྱེད་དགོས། རྒྱལ་ཁབ་དང་སྤྱི་ཚོགས།ཐུན་མོང་བཅས་ཀྱི་ཁེ་ཕན་དང་སྤྱི་དམངས་གཞན་གྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བཏང་མི་ཆོག རང་རྟོགས་ཀྱིས་སྤྱི་ཚོགས་སྤྱི་པའི་ལས་རིམ་དང་འཕྲིན་བཅར་ལས་རིམ་ལ་སྲུང་སྐྱོང་བྱ་དགོས་ལ། གཤམ་གྱི་བྱ་སྤྱོད་དག་སྤེལ་མི་ཆོག

(གཅིག)སྡེ་ཁག་དང་ལས་ཁུངས་ཀྱི་གཞུང་སྒྲུབ་བྱེད་སའི་ཉེ་འཁོར་དང་། མི་མང་འདུ་སར་ཁྲིམས་འགལ་གྱིས་འདུ་འཛོམས་བྱེད་པ།སྡེ་ཁག་དང་ལས་ཁུངས་བསྐོར་བ་དང་རྡུང་རྡེག གཞུང་དོན་རླངས་འཁོར་འགོག་པ་དང་ཡང་ན་འགྲིམ་འགྲུལ་བཀག་འགོག་དང་བགྲོད་ལམ་གཅོད་པ། 

(གཉིས།)ཉེན་ཁ་ཆེ་བའི་དངོས་རྫས་དང་བཀག་སྡོམ་བྱས་པའི་ཡོ་བྱད་འཁྱེར་འཛིན་བྱེད་པ།

(གསུམ།)སྡེ་ཁག་དང་ལས་ཁུངས་ཀྱི་ལས་བྱེད་མི་སྣར་དམའ་འབེབས་དང་། ཉེས་རྡུང་། འཇིགས་སྐུལ་བྱེད་པ་དང་། གཞན་གྱི་མི་ལུས་རང་དབང་ལ་ཁྲིམས་འགལ་སྒོས་ཚོད་འཛིན་བྱེད་པའམ་རྒྱུ་ནོར་ལ་གཏོར་བརླག་གཏོང་བ། 

(བཞི།)འཕྲིན་བཅར་སྣེ་ལེན་བྱེད་ཡུལ་དུ་ཡན་སྡོད་བྱེད་པ་དང་ཟིང་ཆ་སློང་བ། ཡང་ན་འཚོ་བའི་ཐད་རང་མགོ་མི་ཐོན་པའི་མི་འཕྲིན་བཅར་སྣེ་ལེན་བྱེད་ཡུལ་དུ་བསྐྱུར་འཇོག་བྱེད་པ། 

(ལྔ།)མི་གཞན་ལ་ངན་སྐུལ་དང་ངན་འབྲེལ། བཙན་སྐུལ། རྒྱུ་ནོར་བསླུ་བྲིད་ཀྱི་ལྐོག་གཡོ་ངན་ཇུས་བཟོས་ཏེ་འཕྲིན་བཅར་བྱེད་པ་དང་ཡང་ན་འཕྲིན་བཅར་ལ་ཁ་གཡར་ནས་རྒྱུ་ནོར་བསྡུ་ལེན་བྱེད་པ། 

(དྲུག)སྤྱིའི་སྒྲིག་ལམ་དཀྲུག་པ་དང་། རྒྱལ་ཁབ་དང་སྤྱིའི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་གཞན་དག་བཅས་ཡིན། 

ལེའུ་བཞི་བ། འཕྲིན་བཅར་དོན་བྱའི་ལས་སྒྲུབ།

དོན་ཚན་ཉེར་བདུན་པ། རིམ་པ་སོ་སོའི་སྡེ་ཁག་དང་ལས་ཁུངས་དང་དེའི་ལས་བྱེད་མི་སྣས་རང་གི་འགན་འཁྲི་དང་འབྲེལ་ཡོད་གཏན་འཁེལ་གཞིར་བཟུང་སྟེ། རེ་ཞུ་ལུགས་མཐུན་ཡིན་ན་ཐག་གཅོད་གནད་དུ་འཁེལ་བ་བྱེད་དགོས་པ་དང་། རེ་ཞུ་ལུགས་དང་མི་མཐུན་ན་བསམ་བློའི་སློབ་གསོ་གནད་དུ་འཁེལ་བ་གཏོང་དགོས།  འཚོ་བར་དཀའ་ངལ་ཡོད་ན་རོགས་སྐྱོབ་གནད་དུ་འཁེལ་དགོས། བྱ་སྤྱོད་ཁྲིམས་འགལ་ཡིན་ན་ཁྲིམས་ལྟར་ཐག་གཅོད་བཅས་བྱེད་དགོས་པའི་བླང་བྱ་ལྟར། ཁྲིམས་དང་སྲིད་ཇུས་ལྟར་མང་ཚོགས་ཀྱི་ལུགས་མཐུན་རེ་ཞུ་དུས་ཐོག་ཏུ་རང་ས་ནས་ཐག་བཅད་དེ། འཕྲིན་བཅར་བྱ་བའི་རྒྱུན་ལྡན་ལས་རིམ་ལ་སྲུང་སྐྱོང་བྱ་དགོས། 

དོན་ཚན་ཉེར་བརྒྱད་པ། རིམ་པ་སོ་སོའི་སྡེ་ཁག་དང་ལས་ཁུངས། དེའི་ལས་བྱེད་མི་སྣས་འཕྲིན་བཅར་དོན་བྱ་སྒྲུབ་པར་འགན་འཁྲི་ནན་སྲུང་དང་དྲང་གཞག་ལས་སྒྲུབ་བྱེད་དགོས། དོན་དངོས་རྩད་གཅོད་དང་འགན་འཁྲི་གསལ་བོར་དགར་ནས། སློབ་གསོའི་ཁྲིད་སྟོན་བྱེད་པར་ཤུགས་སྣོན་དགོས། དུས་ཐོག་ཏུ་ཐག་གཅོད་འོས་འཚམས་བྱེད་པ་ལས། རང་ཁག་གཞན་དཀྲི་དང་གཡོ་ཟོལ་འགོར་འགྱངས་བཅས་བྱས་མི་ཆོག

རིམ་པ་སོ་སོའི་སྡེ་ཁག་དང་ལས་ཁུངས་ཀྱིས་གཏུག་བཤེར་དང་འཕྲིན་བཅར་དབྱེ་བ་དགར་བའི་ལམ་ལུགས་ཀྱི་བླང་བྱ་ལྟར། དམངས་དོན་དང་སྲིད་འཛིན། ཉེས་དོན་སོགས་གཏུག་བཤེར་ཁེ་དབང་རོགས་སྐྱོབ་ཀྱི་འཕྲིན་བཅར་དོན་བྱ་སྤྱིར་བཏང་གི་འཕྲིན་བཅར་སྒྲིག་གཞིའི་ཁྲོད་དགར་ཏེ།  འབྲེལ་ཡོད་སྲིད་ཁྲིམས་ལས་ཁུངས་ལ་ཁྲིམས་ལྟར་ཐག་གཅོད་བྱེད་པར་སྤྲོད་དགོས།

རིམ་པ་སོ་སོའི་སྡེ་ཁག་དང་ལས་ཁུངས་ཀྱི་ལས་བྱེད་མི་སྣ་འཕྲིན་བཅར་དོན་བྱའམ་ཡང་ན་འཕྲིན་བཅར་པ་བར་ཐད་ཀར་ཁེ་གྱོང་གི་འབྲེལ་བ་ཡོད་ན་གཟུར་གཡོལ་⑩བྱ་དགོས།

དོན་ཚན་ཉེར་དགུ་བ།  འཕྲིན་བཅར་པས་གནས་ཚུལ་ཡར་ཞུ་དང་གྲོས་གཞི་བསམ་འཆར་བཏོན་པའི་དོན་བྱའི་རིགས།  ཐག་གཅོད་བྱེད་དབང་ཡོད་པའི་སྡེ་ཁག་དང་ལས་ཁུངས་ཀྱིས་ནན་ཏན་སྒོས་ཞིབ་འཇུག་དང་རིགས་པས་སྒྲུབ་བྱེད་འཚོལ་དགོས། ཚན་རིག་དང་མཐུན་ལ་དོན་དངོས་ཀྱི་རང་བཞིན་ལྡན་ན། དང་ལེན་བྱེད་པའམ་ཡང་ན་ཆ་ཤས་དང་ལེན་བྱ་དགོས་ལ་ཕྱིར་ལན་བསློག་དགོས།

འཕྲིན་བཅར་པས་ཞུ་འདོན་བྱས་པའི་གནས་ཚུལ་དང་གྲོས་གཞི་བསམ་འཆར། རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཡང་ན་ལས་དོན་ལེགས་བཅོས་དང་སྤྱི་ཚོགས་ཀྱི་སྤྱི་བའི་ཁེ་ཕན་སྲུང་སྐྱོབ་བྱེད་པར་་་་་་བྱས་རྗེས་བཞག་ཡོད་ན། འབྲེལ་ཡོད་གཏན་འཁེལ་ལྟར་བྱ་དགའ་སྤྲོད་དགོས། 

རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་མི་དམངས་ཀྱི་གྲོས་གཞི་བསྡུ་སྒྲིག་ལམ་ལུགས་འཐུས་ཚང་དུ་གཏོང་དགོས་པ་དང་།  རྒྱལ་ཇུས་དམངས་འཚོར་འབྲེལ་བ་ཡོད་པའི་ལས་དོན་གལ་ཆེན་ལ་རང་འགུལ་གྱིས་མང་ཚོགས་ཀྱི་གྲོས་གཞི་དང་བསམ་འཆར་ལ་ཉན་དགོས། 

དོན་ཚན་སུམ་བཅུ་བ། འཕྲིན་བཅར་པས་བཏོན་པའི་མཚང་འབྱིན་ཁྲིམས་གཏུག་རིགས་ཀྱི་དོན་བྱ་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་སམ་ཐག་གཅོད་བྱེད་དབང་ཡོད་པའི་སྡེ་ཁག་དང་ལས་ཁུངས་ཀྱིས་སྒྲིག་སྲོལ་དང་ཁྲིམས་སྲོལ་ལྟར་དང་ལེན་དང་བདག་སྤྲོད། ལས་སྒྲུབ་བྱེད་པ་དང་ཕྱིར་ལན་བསློག་དགོས།

ཏང་ཨུ་དང་སྲིད་གཞུང་འཕྲིན་བཅར་ལས་ཁུངས་ཀྱིས་ལས་བྱེད་དོ་དམ་དབང་ཚད་ལྟར་རྩ་འཛུགས་དང(མི་དོན)སྡེ་ཁག་ལ་ལས་བྱེད་པའི་གནད་དོན་གྱི་འཕྲིན་བཅར་གནས་ཚུལ་བརྡ་ཁྱབ་གཏོང་དགོས། གལ་ཆེའི་གནས་ཚུལ་ཏང་ཨུའི་གཙོ་འགན་འཁུར་བའི་བློ་མཐུན་དང་རྩ་འཛུགས(མི་དོན)འགན་བགོས་བྱ་བའི་འགན་ལེན་

བློ་མཐུན་ལ་སྙན་སེང་ཞུ་དགོས། རྩ་འཛུགས(མི་དོན)ལས་ཁུངས་ཀྱིས་ལས་བྱེད་འདེམ་སྒྲུག་བསྐོ་སྤྱོད་ལྟ་སྐུལ་སྐོར་གྱི་འབྲེལ་ཡོད་གཏན་འཁེལ་ལྟར་སྒྲུབ་དགོས། 

འཕྲིན་བཅར་པས་མཚང་འབྱིན་དང་ཐེར་འདོན་རྒྱུ་ཆ་དང་འབྲེལ་ཡོད་གནས་ཚུལ་མཚང་འབྱིན་དང་ཐེར་འདོན་བྱས་པའི་མི་སྣའམ་ལས་ཁུངས་ལ་གསང་བརྟོལ་དང་བརྒྱུད་བསྐོར་བྱས་མི་ཆོག

དོན་ཚན་སོ་གཅིག་པ། འཕྲིན་བཅར་པས་བཏོན་པའི་དག་ཞུ་བསྐྱར་གཏུག○11ཐག་གཅོད་རེ་ཞུའི་རིགས་ཀྱི་དོན་བྱ་ཐག་གཅོད་བྱེད་དབང་ཡོད་པའི་སྡེ་ཁག་དང་ལས་ཁུངས་ཀྱིས་གནས་ཚུལ་ལ་གཞིགས་ཏེ། གཤམ་གྱི་བྱེད་ཐབས་རེ་རེ་བཞིན་སྒྲུབ་དགོས།

(གཅིག)འདྲི་གཅོད་ལས་ཁུངས་ཀྱི་གཏུག་བཤེར་ལས་རིམ་དང་ཡང་ན་བསྐྱར་གྲོས⑫ལས་རིམ། ཞིབ་དཔྱོད་ལས་ཁུངས་ཀྱི་ཉེས་དོན་ཐོ་འགོད་ལས་རིམ་དང་ཡང་ན་ཁྲིམས་ལུགས་ལྟ་སྐུལ་ལས་རིམ།  སྤྱི་བདེ་ལས་ཁུངས་ཀྱི་བཅའ་ཁྲིམས་ལས་རིམ་བརྒྱུད་དེ་ཐག་གཅོད་བྱ་དགོས་པའི་རིགས།  བཅའ་ཁྲིམས་གཏུག་བཤེར་དང་འབྲེལ་བ་ཡོད་པའི་འཕྲིན་བཅར་དོན་བྱ་ཁྲིམས་ལྟར་མཇུག་མ་སྒྲིལ་བའི་རིགས། བཅའ་ཁྲིམས་དང་ཁྲིམས་ཡིག་གི་གཏན་འཁེལ་ལས་རིམ་ལྟར་ཐག་གཅོད་བྱ་དགོས།

(གཉིས།)འདུམ་གཅོད⑬བྱེད་པར་བརྟེན་ནས་ཐག་གཅོད་བྱེད་དགོས་པའི་རིགས། བབ་མཐུན་གྱི་ལས་རིམ་ལྟར་ཐག་གཅོད་བྱ་དགོས། 

(གསུམ།)ཏང་ཡོན་ལ་བསྐྱར་གཏུག་དང་། བསྐྱར་ཞིབ⑭རེ་ཞུ་སོགས་ལ་བརྟེན་ནས་ཐག་གཅོད་བྱས་ཆོག་པའི་རིགས་རྣམས་བབ་མཐུན་གྱི་ལས་རིམ་ལྟར་ཐག་གཅོད་བྱ་དགོས།

(བཞི།)སྲིད་འཛིན་བསྐྱར་གྲོས་དང་སྲིད་འཛིན་ཁྲུན་གཅོད།⑮ སྲིད་འཛིན་ངོས་འཛིན། སྲིད་འཛིན་ཆོག་མཆན།སྲིད་འཛིན་ཆད་གཅོད་སོགས་སྲིད་འཛིན་གྱི་ལས་རིམ་བརྒྱུད་དེ་ཐག་གཅོད་བྱས་ཆོག་རིགས་བབ་མཐུན་གྱི་ལས་རིམ་ལྟར་ཐག་བཅད་ཆོག

(ལྔ།)ཁྲིམས་འགལ་བྱ་སྤྱོད་རྩད་ཞིབ་དང་། མི་ལུས་ཁེ་དབང་ངམ་རྒྱུ་ནོར་བདག་དབང་སྲུང་སྐྱོབ་ལག་བསྟར་སོགས་ཁྲིམས་མཐུན་ཁེ་དབང་གི་འགན་འཁྲི་རེ་ཞུ་བྱེད་པའི་རིགས་སུ་གཏོགས་ན། ཁྲིམས་ལྟར་ལག་བསྟར་རམ་ཡང་ན་ལན་བསློག་དགོས།

(དྲུག)གོང་གི་གནས་ཚུལ་གྱི་ཁོངས་སུ་མི་གཏོགས་ན། འཕྲིན་བཅར་མཁན་གྱིས་བཤད་པའི་དོན་དངོས་དང་རྒྱུ་མཚན་ལ་ཉན་དགོས་པ་མ་ཟད། བརྟག་དཔྱད་ཞིབ་བསྡུར་བྱས་ཏེ་འཕྲིན་བཅར་ཐག་གཅོད་བསམ་འཆར་ཡི་གེ་འདོན་དགོས། འཕྲིན་བཅར་དོན་བྱ་གནད་ཆེ་དང་རྙོག་འཛིང་ལྡན་ཞིང་། དཀའ་གནད་ཅན་ཡིན་ན་ཉན་སྒྲུབ་ཚོགས་འདུ་འཚོགས་ཆོག

དོན་ཚན་སོ་གཉིས་པ། འཕྲིན་བཅར་ཐག་གཅོད་བསམ་འཆར་ཡི་གེར་འཕྲིན་བཅར་པའི་ཞུ་གཏུག་རེ་འདུན་དང་།དོན་དངོས་དང་རྒྱུ་མཚན། ཐག་གཅོད་བསམ་འཆར་དང་། བཅའ་ཁྲིམས་དང་ཁྲིམས་ཡིག་གི་གཞི་འཛིན་ས་གསལ་བོར་འགོད་དགོས། 

(གཅིག)རེ་ཞུའི་དོན་དངོས་གསལ་ཞིང་། བཅའ་ཁྲིམས་སྒྲིག་ཁྲིམས་སྒྲིག་སྲོལ་ལམ་ཡང་ན་འབྲེལ་ཡོད་གཏན་འཁེལ་གཞན་དག་དང་མཐུན་ན། རྒྱབ་སྐྱོར་བྱ་དགོས། 

(གཉིས།)རེ་ཞུ་བྱས་པའི་རྒྱུ་མཚན་ལུགས་མཐུན་ཡིན་མོད། འོན་ཀྱང་བཅའ་ཁྲིམས་ཀྱི་གཞི་འཛིན་ས་མེད་ན་འགྲེལ་བཤད་གསལ་བོ་བྱ་དགོས། 

(གསུམ།)རེ་ཞུ་བྱས་པའི་དོན་དངོས་ལ་གཞི་འཛིན་ས་མེད་པའམ་ཡང་ན་བཅའ་ཁྲིམས་ཁྲིམས་ཡིག་སྒྲིག་ཡིག་གམ་ཡང་ན་འབྲེལ་ཡོད་གཏན་འཁེལ་གཞན་དང་མི་མཐུན་ན། རྒྱབ་སྐྱོར་མི་བྱ།

ཐག་གཅོད་བྱེད་དབང་ཡོད་པའི་སྡེ་ཁག་དང་ལས་ཁུངས་ཀྱིས་འཕྲིན་བཅར་རེ་ཞུ་ལ་རྒྱབ་སྐྱོར་བྱེད་ན། འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་ཀྱིས་ལག་བསྟར་བྱེད་པར་སྐུལ་འདེད་བྱ་དགོས། རྒྱབ་སྐྱོར་མི་བྱེད་པའི་རིགས་ཡིན་ན། འཕྲིན་བཅར་པར་ཁྲིད་སྟོན་སློབ་གསོ་གང་ལེགས་གཏོང་དགོས། 

དོན་ཚན་སོ་གསུམ་པ། རིམ་པ་སོ་སོའི་སྡེ་ཁག་དང་ལས་ཁུངས་ཀྱིས་དག་ཞུ་ཐག་གཅོད་རེ་ཞུའི་བརྒྱུད་རིམ་ཁྲོད། སྲིད་ཇུས་ཁྲིམས་ཡིག་གིས་ནན་འབེབས་བྱས་པའི་གཏན་འབེབས་རང་བཞིན་དང་མི་འགལ་བའི་གནས་ཚུལ་འོགཚད་འཇལ་དབང་ཆའི་ཁྱབ་ཁོངས་ནང་རྩོད་གླེང་བྱེད་མཁན་དོ་བདག་ཕྱོགས་གཉིས་མོས་མཐུན་བྱུང་བ་བརྒྱུད་འདུམ་སྒྲིག⑯བྱས་ཆོག་ལ། རྩོད་གླེང་བྱེད་མཁན་དོ་བདག་ཕྱོགས་གཉིས་རང་མོས་ཀྱིས་མཐུན་འགྲིག⑰ཡོང་བར་ཁྲིད་སྟོན་བྱས་ཆོག འདུམ་སྒྲིག་དང་མཐུན་འགྲིག་བྱས་ནས་བསམ་འཆར་གཅིག་མཐུན་བྱུང་ན། འདུམ་སྒྲིག་གྲོས་མཐུན་ནམ་ཡང་ན་མཐུན་འགྲིག་གྲོས་མཐུན་འདུམ་ཁྲ⑱འབྲི་དགོས། 

དོན་ཚན་སོ་བཞི་བ།  སྲོལ་ཡིག་འདིའི་དོན་ཚན་སོ་གཅིག་པའི་དོན་ཆུང་དྲུག་པར་གཏན་འཁེལ་བྱས་པའི་འཕྲིན་བཅར་དོན་བྱ་བདག་སྤྲོད་བྱས་པ་ནས་བཟུང་ཉིན60ནང་མཇུག་སྒྲིལ་བྱ་དགོས། གནས་ཚུལ་རྙོག་འཛིང་ལྡན་ན། རང་སྡེ་ཁག་དང་ལས་ཁུངས་ཀྱི་འགན་ལེན་མི་སྣའི་ཆོག་མཆན་བརྒྱུད། ལས་སྒྲུབ་དུས་ཡུན་འོས་མཚམས་དུས་བསྲིང་ཆོག འོན་ཀྱང་དུས་བསྲིང་དུས་ཡུན་ཉིན30བརྒལ་མི་ཆོག་ལ། འཕྲིན་བཅར་པར་དུས་བསྲིང་པའི་རྒྱུ་མཚན་གསལ་སྦྲན་བྱེད་དགོས།

དོན་ཚན་སོ་ལྔ་བ། འཕྲིན་བཅར་པ་འཕྲིན་བཅར་དོན་བྱ་ཐག་གཅོད་བྱས་པའི་བསམ་འཆར་ལ་ཡིད་འཐད་མིན་ན། ཡིག་ངོས་ཀྱི་ལན་འབྱོར་བ་ནས་བཟུང་ཉིན30ནང་ཐོག་མའི་ལས་སྒྲུབ་སྡེ་ཁག་དང་ལས་ཁུངས་ཀྱི་རིམ་པ་གོང་མའི་སྡེ་ཁག་དང་ལས་ཁུངས་ལ་བསྐྱར་དཔྱད⑲བྱེད་པའི་རེ་ཞུ་བྱས་ཆོག བསྐྱར་དཔྱད། རེ་ཞུ་འབྱོར་བའི་སྡེ་ཁག་དང་ལས་ཁུངས་ཀྱིས་རེ་ཞུ་འབྱོར་བ་ནས་བཟུང་ཉིན30ནང་བསྐྱར་དཔྱད་བྱས་པའི་བསམ་འཆར་འདོན་དགོས་པ་མ་ཟད། ཡིག་ངོས་ནས་ལན་བསློག་དགོས།

དོན་ཚན་སོ་དྲུག་པ། འཕྲིན་བཅར་པ་བསྐྱར་དཔྱད་བསམ་འཆར་ལ་ཡིད་འཐད་མིན་ན། ཡིག་ངོས་ཀྱི་ལན་འབྱོར་བ་ནས་བཟུང་ཉིན30ནང་ཐོག་མའི་བསྐྱར་དཔྱད་སྡེ་ཁག་དང་ལས་ཁུངས་ཀྱི་རིམ་པ་གོང་མའི་སྡེ་ཁག་དང་ལས་ཁུངས་ལ་བསྐྱར་བཤེར⑳བྱེད་པའི་རེ་ཞུ་བྱས་ཆོགབསྐྱར་བཤེར་རེ་ཞུ་འབྱོར་བའི་སྡེ་ཁག་དང་ལས་ཁུངས་ཀྱིས་བསྐྱར་བཤེར་རེ་ཞུ་འབྱོར་བ་ནས་བཟུང་ཉིན30ནང་བསྐྱར་བཤེར་བྱས་པའི་བསམ་འཆར་འདོན་དགོས། 

བསྐྱར་བཤེར་སྡེ་ཁག་དང་ལས་ཁུངས་ཀྱིས་སྲོལ་ཡིག་འདིའི་དོན་ཚན་སོ་གཅིག་པའི་དོན་ཆུང་དྲུག་པའི་གཏན་འཁེལ་ལྟར་ཉན་སྒྲུབ་ཚོགས་འདུ་བསྡུས་ཆོག་ལ། ཉན་སྒྲུབ་ཚོགས་འདུ་བརྒྱུད་དེ་བསྐྱར་དཔྱད་བསམ་འཆར་ཁྲིམས་ལྟར་སྤྱི་ཚོགས་ལ་སྤྱི་བསྒྲགས་བྱས་ཆོག  ཉན་སྒྲུབ་ཚོགས་འདུའི་དུས་ཡུན་གོང་གསལ་གྱི་གཏན་འཁེལ་བྱས་པའི་དུས་བཅད་ཀྱི་ཁོངས་སུ་མི་བརྩི། 

འཕྲིན་བཅར་པ་བསྐྱར་བཤེར་བསམ་འཆར་ལ་ཡིད་འཐད་མིན་པར་སྔར་བཞིན་དོན་དངོས་དང་རྒྱུ་མཚན་གཅིག་མཚུངས་སྒོས་ཞུ་གཏུག་རེ་བ་བཏོན་ན། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་འཕྲིན་བཅར་སྡེ་ཁག་དང་། དེ་མིན་གཞན་པའི་སྡེ་ཁག་དང་ལས་ཁུངས་ཀྱིས་བདག་སྤྲོད་མི་བྱེད། 

དོན་ཚན་སོ་བདུན་པ། རིམ་པ་སོ་སོའི་སྡེ་ཁག་དང་ལས་ཁུངས་ཀྱིས་སྤྱི་ཚོགས་འགལ་ཟླའི་རྩོད་གཞི་སྣ་མང་སྔོན་འགོག་དང་ཐག་གཅོད། བར་འདུམ་བྱས་ཏེ་ཐག་གཅོད་བྱེད་པར་རྒྱུན་འཁྱོངས་བྱ་དགོས། མི་དམངས་འདུམ་འགྲིག་དང་སྲིད་འཛིན་འདུམ་འགྲིག ཁྲིམས་འཛིན་འདུམ་འགྲིག་བཅས་མཉམ་འབྲེལ་བྱས་ཏེ། བཅའ་ཁྲིམས་དང་སྲིད་ཇུས།  དཔལ་འབྱོར།  སྲིད་འཛིན་སོགས་ཀྱི་བྱེད་ཐབས་དང་།  སློབ་གསོ་དང་གྲོས་མོལ།  སློབ་སྟོན་སོགས་སྣ་འཛོམས་བྱེད་ཐབས་བཀོལ་ནས་ཐབས་མང་མཉམ་སྤྱོད་ཀྱིས་འགལ་ཟླའི་རྩོད་གཞི་འདུམ་སེལ་བྱ་དགོས། 

རིམ་པ་སོ་སོའི་སྡེ་ཁག་དང་ལས་ཁུངས་ཀྱིས་འཕྲིན་བཅར་དོན་བྱ་སྒྲུབ་སྐབས། འཚོ་བར་དངོས་གནས་དཀའ་ངལ་ཡོད་པའི་འཕྲིན་བཅར་པར་རོགས་རམ་བྱས་ནས་འབྲེལ་ཡོད་སྡེ་ཁག་གམ་ལས་ཁུངས་ལ་ཁྲིམས་ལྟར་སྤྱི་ཚོགས་རོགས་སྐྱོབ་བྱ་རྒྱུའི་རེ་འདུན་ཞུས་ཆོག

རྒྱལ་ཁབ་ཁྲིམས་འཛིན་རོགས་སྐྱོབ་ཆ་རྐྱེན་དང་མཐུན་ན་སྲིད་ཁྲིམས་སྡེ་ཁག་གིས་འབྲེལ་ཡོད་གཏན་འབེབས་ལྟར་ཁྲིམས་འཛིན་རོགས་སྐྱོབ་བྱ་དགོས། 

ས་གནས་ཏང་ཨུ་དང་སྲིད་གཞུང་དང་། གཞི་རིམ་ཏང་རྩ་འཛུགས་དང་གཞི་རིམ་ལས་ཁུངས་ཀྱིས་འཕྲིན་བཅར་དོན་བྱར་བསྐྱར་དཔྱད་བསྐྱར་བཤེར་དང་།  བཅའ་ཁྲིམས་དང་གཏུག་བཤེར་ལ་འབྲེལ་བ་ཡོད་པའི་འཕྲིན་བཅར་དོན་བྱ་ཁྲིམས་ལྟར་མཇུག་འགྲིལ་ཟིན་པའི་འབྲེལ་ཡོད་འཕྲིན་བཅར་པར་སློབ་གསོ་དང་།  འགལ་ཟླ་འདུམ་གཅོད། རོགས་སྐྱོབ་སོགས་ཀྱི་ལས་དོན་གང་ལེགས་སྒྲུབ་དགོས། ། (མུ་འགོད)


གོང་མ།:འཕྲིན་བཅར་བྱ་བའི་སྲོལ་ཡིག(གསུམ)

ཞོལ་མ།:འཕྲིན་བཅར་བྱ་བའི་སྲོལ་ཡིག(གཅིག)