སྲིད་ཇུས་ཁྲིམས་སྲོལ།
 

འཕྲིན་བཅར་བྱ་བའི་སྲོལ་ཡིག(གསུམ)

ཡོང་ཁུངས།:​ཀྲུང་གོ་བོད་ཀྱི་དྲ་བ།  སྤེལ་དུས།:2026-07-15  རྩོམ་པ་པོ།:​ཀྲུང་གོ་བོད་ཀྱི་དྲ་བ།  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློག་གྲངས།:


ལེའུ་ལྔ་བ། ལྟ་སྐུལ་དང་འགན་གཅོད།

དོན་ཚན་སོ་བརྒྱད་པ། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་འཕྲིན་བཅར་ལས་དོན་སྤེལ་ཏེ། འཕྲིན་བཅར་བྱ་བའི་འགན་འཁྲི་དོན་འཁྱོལ་བྱས་པའི་གནས་ཚུལ་ལ་ཆེད་དོན་ལྟ་སྐུལ་ཞིབ་བཤེར་རྩ་འཛུགས་བྱ་དགོས། 

འཕྲིན་བཅར་བྱ་བའི་མཉམ་འབྲེལ་གྲོས་ཚོགས་དང་དེའི་གཞུང་ལས་ཁང་། ཏང་ཨུ་དང་སྲིད་གཞུང་འཕྲིན་བཅར་ལས་ཁུངས་ཀྱིས་བྱ་བའི་དགོས་མཁོ་ལྟར་ལྟ་སྐུལ་ཞིབ་བཤེར་བྱེད་དགོས། གནད་དོན་ཤེས་རྟོགས་བྱུང་ན་འབྲེལ་ཡོད་ས་གནས་དང་ལས་ཁུངས་ལ་བཤད་དགོས། གནད་དོན་ཚབས་ཆེན་ཡོད་ན་རིམ་པ་དེའི་ཏང་ཨུ་དང་སྲིད་གཞུང་ལ་སྙན་སེང་ཞུ་དགོས། 

རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་ལྟ་སྐུལ་ཞིབ་བཤེར་ལས་ཁུངས་ཀྱིས་དཀའ་གནད་དང་རྙོག་འཛིང་ཆེ་བའི་འཕྲིན་བཅར་གྱི་གནད་དོན་དེ་ལྟ་སྐུལ་ཞིབ་བཤེར་བྱེད་པའི་ཁོངས་སུ་བསྡུ་དགོས། 

དོན་ཚན་སོ་དགུ་བ། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་སྒྲིག་སྲོལ་སྒྲིག་ཁྲིམས་ལྟར་དུས་ཐོག་ཏུ་འཕྲིན་བཅར་གྱི་གནད་དོན་ས་གནས་དེ་གར་ཐག་གཅོད་བྱེད་པར་ལམ་སྟོན་བྱས་ཏེ། ལོ་རེར་འཕྲིན་བཅར་བྱ་བའི་གནས་ཚུལ་ལ་ཞིབ་བཤེར་བྱ་དགོས།  ཞིབ་བཤེར་མཇུག་འབྲས་འོས་འཚམ་གྱི་ཁྱབ་ཁོངས་ནང་བརྡ་ཁྱབ་གཏོང་དགོས་པ་མ་ཟད།  མགོ་ཁྲིད་པའི་དཔུང་སྡེ་དང་འབྲེལ་ཡོད་མགོ་ཁྲིད་ལས་བྱེད་པར་ཕྱོགས་བསྡུས་ཞིབ་བཤེར་དང་གདེང་འཇོག་བྱེད་པའི་དཔྱད་གཞི་གལ་ཆེན་དུ་བརྩི་དགོས། 

འཕྲིན་བཅར་བྱ་བའི་ཁྲོད་གྲུབ་འབྲས་དང་བྱས་རྗེས་གཟེངས་སུ་ཐོན་པའི་ལས་ཁུངས་དང་སྡེ་ཁག་གམ་མི་སྒེར་ལ་འབྲེལ་ཡོད་གཏན་འབེབས་ལྟར་གཟེངས་བསྟོད་དང་བྱ་དགའ་སྤྲད་ཆོག

འཕྲིན་བཅར་བྱ་བའི་ཁྲོད་དུ་འགན་ནུས་སྒྲུབ་པ་མི་འདང་བ་དང་གནད་དོན་ཚབས་ཆེན་ཡོད་པའི་མགོ་ཁྲིད་ཀྱི་དཔུང་སྡེ་དང་མགོ་ཁྲིད་ལས་བྱེད་པར་གནས་ཚུལ་གྱི་ལྕི་ཡང་ལྟར་འཕྲིན་བཅར་བྱ་བའི་མཉམ་འབྲེལ་གྲོས་ཚོགས་ཀྱིས་དུས་བཅད་གྲོས་མོལ་དང་བརྡ་ཁྱབ། བྱང་འགེལ་སྐུལ་སྒྲུབ㉑བཅས་བྱས་ཏེ་དུས་བཅད་ནང་བཀའ་ཕབ་ནས་སྒྲིག་བཅོས་བྱེད་དུ་འཇུག་དགོས།

དོན་ཚན་བཞི་བཅུ་བ། ཏང་ཨུ་དང་སྲིད་གཞུང་འཕྲིན་བཅར་ལས་ཁུངས་ཀྱིས་འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་འཕྲིན་བཅར་བྱ་བའི་གཏན་འབེབས་དང་འགལ་ནས་འཕྲིན་བཅར་དོན་བྱ་བདག་སྤྲོད་དང་ལས་སྒྲུབ་བྱས་པ་དང་། འཕྲིན་བཅར་དོན་བྱ་རང་འགན་གཞན་དཀྲི་དང་གཡོ་ཟོལ་སླ་བཅོས། འགོར་འགྱངས། རྫུན་བཟོ་བྱས་པའམ་ཡང་ན་འཕྲིན་བཅར་ཐག་གཅོད་བསམ་འཆར་གཏན་ནས་ལག་བསྟར་མི་བྱེད་པ་སོགས་ཀྱི་གནས་ཚུལ་ཡོད་པ་ཤེས་རྟོགས་བྱུང་ན། དུས་ཐོག་ཏུ་སྐུལ་སྒྲུབ་བྱེད་དགོས་པ་མ་ཟད། བྱ་བ་ལེགས་བཅོས་བྱེད་པའི་གྲོས་གཞི་འདོན་དགོས། 

བྱ་བའི་ཁྲོད་ཤེས་རྟོགས་བྱུང་བའི་སྲིད་ཇུས་རང་བཞིན་གྱི་གནད་དོན་དུས་ཐོག་ཏུ་རིམ་པ་དེའི་ཏང་ཨུ་དང་སྲིད་གཞུང་ལ་སྙན་སེང་ཞུ་དགོས་པ་མ་ཟད། སྲིད་ཇུས་འཐུས་ཚང་གཏོང་བའི་གྲོས་གཞི་འདོན་དགོས། 

འཕྲིན་བཅར་བྱ་བའི་ཁྲོད་རང་འགན་གཞན་དཀྲི་དང་། གཡོ་ཟོལ་སླ་བཅོས། འགོར་འགྱངས་རྫུན་བཟོ་བཅས་བྱས་ནས་མཇུག་འབྲས་ཚབས་ཆེན་བཟོས་པའི་སྡེ་ཁག་དང་ལས་ཁུངས་དང་།དེའི་ལས་བྱེད་མི་སྣར་དོ་དམ་དབང་ཚད་ཡོད་པའི་སྡེ་ཁག་དང་ལས་ཁུངས་ལ་འགན་འཁྲི་སྙེག་འདེད་བྱེད་པའི་གྲོས་གཞི་འདོན་དགོས། 

འཕྲིན་བཅར་ལས་ཁུངས་ཀྱིས་བཏོན་པའི་བྱ་བ་ལེགས་བཅོས་དང་སྲིད་ཇུས་འཐུས་ཚང་། འགན་འཁྲི་སྙེག་འདེད་བཅས་བྱེད་པའི་གྲོས་གཞི་ལ་འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་ཀྱིས་དང་ལེན་བྱས་པའི་གནས་ཚུལ་ཡིག་ངོས་ནས་ཕྱིར་ལན་སྤྲོད་དགོས། 

དོན་ཚན་ཞེ་གཅིག་པ། ཏང་ཨུ་དང་སྲིད་གཞུང་འཕྲིན་བཅར་ལས་ཁུངས་ཀྱིས་འཕྲིན་བཅར་གནས་ཚུལ་གྱི་ལོ་འཁོར་སྙན་ཞུ་བྲིས་ཏེ། ལོ་རེར་རིམ་པ་དེའི་ཏང་ཨུ་དང་སྲིད་གཞུང་དང་། རིམ་པ་གོང་མའི་ཏང་ཨུ་དང་སྲིད་གཞུང་གི་འཕྲིན་བཅར་ལས་ཁུངས་ལ་སྙན་སེང་ཞུ་དགོས། ལོ་འཁོར་སྙན་ཞུའི་ནང་གཤམ་གྱི་ནང་དོན་ཚུད་དགོས། 

(གཅིག)འཕྲིན་བཅར་དོན་བྱའི་གཞི་གྲངས་སྡོམ་རྩིས་དང་། འཕྲིན་བཅར་དོན་བྱ་དང་འབྲེལ་བའི་མངའ་ཁོངས་དང་ཞུ་གཏུག་ཅུང་མང་བའི་སྡེ་ཁག་དང་ལས་ཁུངས། 

(གཉིས།)ཏང་ཨུ་དང་སྲིད་གཞུང་གི་འཕྲིན་བཅར་ལས་ཁུངས་ཀྱིས་བརྒྱུད་སྤྲོད་དང་མངག་བཀོད། སྐུལ་སྒྲུབ་བྱས་པའི་གནས་ཚུལ། 

(གསུམ།)ཏང་ཨུ་དང་སྲིད་གཞུང་འཕྲིན་བཅར་ལས་ཁུངས་ཀྱིས་བཏོན་པའི་བྱ་བ་ལེགས་བཅོས་དང་། སྲིད་ཇུས་འཐུས་ཚང་། འགན་འཁྲི་སྙེག་འདེད་ཀྱི་བསམ་འཆར་དང་ལེན་བྱས་པའི་གནས་ཚུལ། 

(བཞི།)སྙན་སེང་ཞུ་དགོས་པའི་དོན་བྱ་གཞན་དག་བཅས་ཡིན། 

སྐོར་གཟིགས་སྐོར་དཔྱོད་བྱ་བའི་དགོས་མཁོར་གཞིགས་ཏེ།ཏང་ཨུ་དང་སྲིད་གཞུང་འཕྲིན་བཅར་ལས་ཁུངས་ཀྱིས་སྐོར་གཟིགས་སྐོར་དཔྱོད་བྱེད་པའི་ལས་ཁུངས་ཀྱིས་སྐོར་གཟིགས་སྐོར་དཔྱོད་བྱ་ཡུལ་གྱི་ས་ཁུལ་དང་ལས་ཁུངས་ཀྱི་མགོ་ཁྲིད་པའི་དཔུང་སྡེ།དེའི་ཁོངས་མི་དང་རིམ་པ་འོག་མའི་གཙོ་འགན་འཁུར་མཁན་བཅས་ལ་འབྲེལ་ཡོད་འཕྲིན་བཅར་ཐེར་འདོན་བྱས་པ་འདོན་སྤྲོད་བྱེད་དགོས་པ་དང་། འཕྲིན་བཅར་བྱ་བའི་འགན་འཁྲིའི་ལམ་ལུགས་དངོས་འབེབས་བྱས་ཏེ། འབྱུང་ལྟས་རང་བཞིན㉒དང་ཕྱོགས་ལྷུང་རང་བཞིན་ལྡན་པའི་འཕྲིན་བཅར་གྱི་གནད་དོན་གལ་ཆེན་དང་སྐོར་གཟིགས་སྐོར་དཔྱོད་བྱ་བའི་དོ་སྣང་བྱེད་པའི་འཕྲིན་བཅར་དོན་བྱ་གལ་ཆེན་སོགས་ཀྱི་གནས་ཚུལ། 

དོན་ཚན་ཞེ་གཉིས་པ། གཤམ་གྱི་གནས་ཚུལ་དག་ལས་འཕྲིན་བཅར་དོན་བྱ་བྱུང་ནས་མཇུག་འབྲས་ཚབས་ཆེན་བཟོས་ན་ཐད་ཀར་འགན་འཁུར་བའི་གཙོ་སྐྱོང་མི་སྣ་དང་ཐད་ཀར་འགན་འཁུར་བའི་མི་སྣ་གཞན་དག་ལ་སྒྲིག་སྲོལ་དང་སྒྲིག་ཁྲིམས་བཅའ་ཁྲིམས་ལྟར་ཐག་གཅོད་ནན་མོ་བྱ་དགོས་པ་དང།  ནག་ཉེས་གྲུབ་ན་ཁྲིམས་ལྟར་ཉེས་འགན་སྙེག་འདེད་བྱ་དགོས། 

(གཅིག)འགན་དབང་གང་འདོད་དུ་སྤྱད་དེ་སྤྱི་དམངས་དང་། ཁྲིམས་མིའམ་ཡང་ན་རྩ་འཛུགས་གཞན་གྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བཏང་བ། 

(གཉིས།)ལས་དོན་སྒྲུབ་དགོས་ཀྱང་མ་སྒྲུབ་པས་སྤྱི་དམངས་དང་། ཁྲིམས་མིའམ་ཡང་ན་རྩ་འཛུགས་གཞན་གྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བཏང་བ། 

(གསུམ།)བཅའ་ཁྲིམས་དང་ཁྲིམས་ཡིག་སྤྱོད་སྟངས་ནོར་བའམ་ཁྲིམས་བཀོད་ལས་རིམ་དང་འགལ་ཏེ་སྤྱི་དམངས་དང་ཁྲིམས་མི། ཡང་ན་རྩ་འཛུགས་གཞན་གྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བཏང་བ། 

(བཞི།)ཐག་གཅོད་བྱེད་དབང་ཡོད་པའི་སྡེ་ཁག་དང་ལས་ཁུངས་ཀྱིས་བཏོན་པའི་འཕྲིན་བཅར་རེ་ཞུའི་བསམ་འཆར་ལ་རྒྱབ་སྐྱོར་བྱེད་པ་དེ་གཏན་ནས་ལག་བསྟར་མི་བྱེད་པ། 

དོན་ཚན་ཞེ་གསུམ་པ། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་འཕྲིན་བཅར་ལས་ཁུངས་ལ་འབྱོར་བའི་འཕྲིན་བཅར་དོན་བྱ་ཐོ་འགོད་དང་བརྒྱུད་སྤྲོད།མངག་བཀོད་བཅས་བྱ་དགོས་ཀྱང་གཏན་འབེབས་ལྟར་ཐོ་འགོད་དང་བརྒྱུད་སྤྲོད།མངག་བཀོད་མ་བྱས་པ་དང་། ཡང་ན་སྐུལ་སྒྲུབ་ཀྱི་ལས་འགན་ལག་བསྟར་བྱེད་དགོས་ཀྱང་མ་བྱས་ན། དེའི་རིམ་པ་གོང་མའི་ལས་ཁུངས་ཀྱིས་བཀའ་རྒྱ་བཏང་ནས་ཡོ་བསྲང་བྱེད་དགོས་ལ། མཇུག་འབྲས་ཚབས་ཆེན་བཟོས་ན་ཐད་ཀར་འགན་འཁུར་བའི་གཙོ་སྐྱོང་མི་སྣ་དང་ཐད་ཀར་འགན་འཁུར་བའི་མི་སྣ་གཞན་དག་ལ་བཅའ་ཁྲིམས་སྒྲིག་སྲོལ་དང་སྒྲིག་ཁྲིམས་ལྟར་ཐག་གཅོད་ནན་མོ་བྱ་དགོས། 

དོན་ཚན་ཞེ་བཞི་བ། འཕྲིན་བཅར་དོན་བྱ་བདག་སྤྲོད་བྱེད་པར་འགན་ཡོད་པའི་སྡེ་ཁག་དང་ལས་ཁུངས་ལ་གཤམ་གྱི་གནས་ཚུལ་དག་ཡོད་ན།དེའི་རིམ་པ་གོང་མའི་སྡེ་ཁག་དང་ལས་ཁུངས་ཀྱིས་བཀའ་ཕབ་ནས་ཡོ་བསྲང་བྱེད་དུ་འཇུག་དགོས་ལ། མཇུག་འབྲས་ཚབས་ཆེན་བཟོས་ན། ཐད་ཀར་འགན་འཁུར་བའི་གཙོ་སྐྱོང་མི་སྣ་དང་ཐད་ཀར་འགན་འཁུར་བའི་མི་སྣ་གཞན་དག་ལ་སྒྲིག་སྲོལ་དང་སྒྲིག་ཁྲིམས་ལྟར་ཐག་གཅོད་ནན་མོ་བྱ་དགོས།

(གཅིག)འབྱོར་བའི་འཕྲིན་བཅར་གྱི་དོན་བྱ་གཏན་འབེབས་ལྟར་ཐོ་འགོད་མི་བྱེད་པ། 

(གཉིས།)འགན་དབང་ཁྱབ་ཁོངས་སུ་གཏོགས་པའི་འཕྲིན་བཅར་དོན་བྱ་བདག་སྤྲོད་མི་བྱེད་པ། 

(གསུམ།)གཏན་འབེབས་བྱས་པའི་དུས་བཅད་ནང་འཕྲིན་བཅར་དོན་བྱ་བདག་སྤྲོད་བྱེད་མིན་འཕྲིན་བཅར་པར་ཡིག་ངོས་ནས་གསལ་བཤད་མི་བྱེད་པ་བཅས་ཡིན། 

དོན་ཚན་ཞེ་ལྔ་བ། འཕྲིན་བཅར་དོན་བྱ་ཐག་གཅོད་བྱེད་དབང་ཡོད་པའི་སྡེ་ཁག་དང་ལས་ཁུངས་ལ་གཤམ་གྱི་གནས་ཚུལ་ཡོད་ན།  དེའི་གོང་རིམ་སྡེ་ཁག་དང་ལས་ཁུངས་ཀྱིས་བཀའ་ཕབ་ནས་ཡོ་བསྲང་བྱེད་དུ་འཇུག་རྒྱུ་དང་། མཇུག་འབྲས་ཚབས་ཆེན་བཟོས་ན། ཐད་ཀར་འགན་འཁུར་བའི་གཙོ་སྐྱོང་མི་སྣ་དང་ཐད་ཀར་འགན་འཁུར་བའི་མི་སྣ་གཞན་དག་ལ་སྒྲིག་ཁྲིམས་ལྟར་ཐག་གཅོད་ནན་མོ་བྱ་དགོས།

(གཅིག)འཕྲིན་བཅར་དོན་བྱ་རང་འགན་གཞན་དཀྲི་དང་། གཡོ་ཟོལ་སླ་བཅོས། འགོར་འགྱངས་བཅས་བྱས་ནས་བསྒྲུབས་པའམ་ཡང་ན་གཏན་འབེབས་བྱས་པའི་དུས་བཅད་ནང་དུ་འཕྲིན་བཅར་དོན་བྱ་བསྒྲུབས་ནས་མཇུག་མ་གྲིལ་བ།

(གཉིས།)དོན་དངོས་གསལ་ཞིང་། བཅའ་ཁྲིམས་དང་ཁྲིམས་ཡིག སྒྲིག་སྲོལ་བཅས་དང་ཡང་ན་འབྲེལ་ཡོད་གཏན་འཁེལ་གཞན་དག་དང་མཐུན་པའི་ཞུ་སྦྱོར་རེ་འདུན་ལ་རྒྱབ་སྐྱོར་མི་བྱེད་པ། 

(གསུམ།)ཏང་ཨུ་དང་སྲིད་གཞུང་འཕྲིན་བཅར་ལས་ཁུངས་ཀྱིས་ལས་དོན་ལེགས་བཅོས་བྱེད་པ་དང་སྲིད་ཇུས་འཐུས་ཚང་གཏོང་བ་སོགས་ལ་བཏོན་པའི་གྲོས་གཞི་ལ་མཐོང་ཆེན་དང་དངོས་འབེབས་བྱས་པ་མི་འདང་བས་དུས་ཡུན་རིང་པོར་གནད་དོན་ཐག་གཅོད་བྱེད་མ་ཐུབ་པ། 

(བཞི།)འཕྲིན་བཅར་དོན་བྱ་ཐག་གཅོད་བྱེད་པའི་འགན་འཁྲི་ལག་བསྟར་མི་བྱེད་པའམ་ཡང་ན་ཡང་དག་སྒོས་ལག་བསྟར་མི་བྱེད་པའི་གནས་ཚུལ་གཞན་དག 

དོན་ཚན་ཞེ་དྲུག་པ། འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་དང་དེའི་མགོ་ཁྲིད་ལས་བྱེད་དང་ལས་བྱེད་པར་གཤམ་གྱི་གནས་ཚུལ་དག་ཡོད་ན།  དེའི་གོང་རིམ་སྡེ་ཁག་དང་ལས་ཁུངས་ཀྱིས་བཀའ་ཕབ་ནས་ཡོ་བསྲང་བྱེད་དུ་འཇུག་རྒྱུ་དང་།མཇུག་འབྲས་ཚབས་ཆེན་བཟོས་ན་ཐད་ཀར་གཙོ་འགན་འཁུར་མཁན་དང་ཐད་ཀར་འགན་ཁུར་ཡོད་པའི་གཞན་དག་ལ་སྒྲིག་སྲོལ་དང་སྒྲིག་ཁྲིམས་ལྟར་ཐག་གཅོད་ནན་མོ་བྱེད་དགོས། ནག་ཉེས་གྲུབ་ན་ཁྲིམས་ལྟར་ཉེས་འགན་སྙེག་འདེད་གཏོང་རྒྱུ། 

(གཅིག)འཕྲིན་བཅར་པར་རྣམ་འགྱུར་ངན་པ་དང་རྩུབ་སྤྱོད་བཏང་པས། ཏང་དང་མང་ཚོགས་བར་དང་། ལས་བྱེད་དང་མང་ཚོགས་བར་གྱི་འབྲེལ་བར་གནོད་འཚེ་བཏང་བ། 

(གཉིས།)འཕྲིན་བཅར་དོན་བྱ་ཐག་གཅོད་བྱེད་པའི་བརྒྱུད་རིམ་ཁྲོད་བཟའ་འཁྱེར་འགོག་ལེན㉓དང་སྒེར་ཕན་བརྩོན་གཉེར་བྱེད་པ། 

(གསུམ།)གཞི་ཁྱོན་ལྡན་པའི་ཐུན་མོང་གི་འཕྲིན་བཅར་དང་ལྡོག་ཕྱོགས་ཀྱི་གླེང་བརྗོད་སོགས་ཐག་གཅོད་ཡག་པོ་བྱེད་མ་ནུས་བས་དོན་རྐྱེན་ཆེ་རུ་བསྐྱེད་པ། 

(བཞི།)སྤྱི་ཚོགས་ལ་ཤུགས་རྐྱེན་ཆེན་པོ་བཟོ་སྲིད་པའི་ཛ་དྲག་ཚབས་ཆེ་བའི་འཕྲིན་བཅར་དོན་བྱ་དང་འཕྲིན་བཅར་གནས་ཚུལ་སྦ་གསང་དང་རྫུན་ཞུ། འགྱངས་འབུལ་བཅས་བྱེད་པ་དང་། ཡང་ན་ཁྲིམས་ལྟར་དུས་ཐོག་ཏུ་དགོས་ངེས་ཀྱི་བྱེད་ཐབས་མ་སྤྱད་པ། 

(ལྔ།)འཕྲིན་བཅར་པས་མཚང་འབྱིན་དང་ཐེར་འདོན་ཞུས་པའི་རྒྱུ་ཆའམ་ཡང་ན་འབྲེལ་ཡོད་གནས་ཚུལ་བཅས་མཚང་འབྱིན་དང་ཐེར་འདོན་བྱས་པའི་མི་སྣའམ་ལས་ཁུངས་ལ་གསང་རྟོལ་དང་བརྒྱུད་སྤྲོད་བྱེད་པ། 

(དྲུག)འཕྲིན་བཅར་པར་རྡུང་རྡེག་དང་འཁོན་ལན་སློག་པ།

(བདུན།)སྒྲིག་འགལ་ཁྲིམས་འགལ་ལུགས་འགལ་གྱི་གནས་ཚུལ་གཞན་དག་བཅས་ཡིན། 

དོན་ཚན་ཞེ་བདུན་པ། འཕྲིན་བཅར་པ་སྲོལ་ཡིག་འདིའི་དོན་ཚན་ཉི་ཤུ་པ་དང་ཉེར་དྲུག་པའི་གཏན་འཁེལ་དང་འགལ་ན། འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་ཀྱི་ལས་བྱེད་མི་སྣས་བཀག་འགོག་བསླབ་བྱ་དང་། སྐྱོན་བརྗོད་དམ་ཡང་ན་སློབ་གསོ་གཏོང་དགོས། 

འཕྲིན་བཅར་པས་གྱོད་བཟོ་སྒྲིག་གཏོར་དང་འཁྲིལ་བཅར་ཟིང་བཅར㉔བྱས་པའི་གནས་ཚུལ་ཚབས་ཆེན་བདེ་འཇགས་དོ་དམ་དང་འགལ་བའི་བྱ་སྤྱོད་དང་ཡང་ན་འདུ་ཚོགས་རྔམ་སྟོན་ཁྲོམ་སྐོར་དང་འབྲེལ་བ་ཡོད་པའི་བཅའ་ཁྲིམས་ཁྲིམས་ཡིག་དང་འགལ་ན། སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་དགོས་ངེས་ཀྱི་ཡུལ་དངོས་ཐག་གཅོད་བྱེད་ཐབས་སྤྱད་དེ་བདེ་འཇགས་དོ་དམ་གྱི་ཆད་པ་གཅོད་དགོས་ལ། ནག་ཉེས་གྲུབ་ན་བཅའ་ཁྲིམས་ལྟར་ཉེས་འགན་སྙེག་འདེད་བྱ་རྒྱུ། 

འཕྲིན་བཅར་པས་དོན་དངོས་རྫུན་བཟོ་དང་འཁྱོག་བཤད། མི་གཞན་ལ་སྙོན་གཏུག་ཉེས་འགེལ་བྱས་ཏེ་བདེ་འཇགས་དོ་དམ་དང་འགལ་བའི་བྱ་སྤྱོད་ལ། ཁྲིམས་ལྟར་བདེ་འཇགས་དོ་དམ་གྱི་ཆད་པ་གཅོད་རྒྱུ་དང་། ནག་ཉེས་གྲུབ་ན་བཅའ་ཁྲིམས་ལྟར་ཉེས་འགན་སྙེག་འདེད་བྱ་དགོས། 

ལེའུ་དྲུག་པ། ཞར་བྱུང་། 

དོན་ཚན་ཞེ་བརྒྱད་པ། ཕྱི་གླིང་བ་དང་རྒྱལ་ཁོངས་མེད་པའི་མི། ཕྱི་རྒྱལ་གྱི་རྩ་འཛུགས་ཀྱི་འཕྲིན་བཅར་དོན་བྱ་ཐག་གཅོད་བྱེད་པར་སྲོལ་ཡིག་འདི་དཔྱད་གཞིར་བཟུང་ནས་ལག་བསྟར་བྱ་དགོས། 

དོན་ཚན་ཞེ་དགུ་བ། སྲོལ་ཡིག་འདི་རྒྱལ་ཁབ་འཕྲིན་བཅར་ཅུས་འགན་འཁུར་ཏེ་འགྲེལ་བཤད་བྱ་དགོས། 

དོན་ཚན་ལྔ་བཅུ་བ། སྲོལ་ཡིག་འདི2022ལོའི་ཟླ5པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ།  ། (རྫོགས)

གོང་མ།:དམངས་ཀྱི་བདེ་འཇགས་སེམས་སུ་ཉར། ནུས་ཤུགས་ཡོད་རྒུས་དཀའ་ངལ་སེལ།

ཞོལ་མ།:འཕྲིན་བཅར་བྱ་བའི་སྲོལ་ཡིག(གཉིས)