སྲིད་ཇུས་ཁྲིམས་སྲོལ།
 

དམངས་ཀྱི་བདེ་འཇགས་སེམས་སུ་ཉར། ནུས་ཤུགས་ཡོད་རྒུས་དཀའ་ངལ་སེལ།

ཡོང་ཁུངས།:​ཀྲུང་གོ་བོད་ཀྱི་དྲ་བ།  སྤེལ་དུས།:2026-08-06  རྩོམ་པ་པོ།:​ཀྲུང་གོ་བོད་ཀྱི་དྲ་བ།  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློག་གྲངས།:


ཟླ6པའི་ཚེས29ཉིན་གྱི་ཆུ་ཚོད22དང་སྐར་མ30ཡས་མས་སུ། ན་གོར་མོ་གྲོང་ཁྱེར་ཀུའོ་ལེ་མུའུ་ཏེ་གྲོང་རྡལ་གྱི་གྲོང་མི་མཱ་ཆེ་གེ་མོ་ཅིན་ཧྥུང་ལམ་མངག་གཏོང་ཁང་དུ་སོང་སྟེ། མོའི་བུ་ཁྱིམ་དང་ཁ་བྲལ་ནས་འབྲེལ་བ་ཆད་སོང་བས་མྱུར་དུ་འཚོལ་རོགས་ཞེས་ཉེན་བརྡ་བཏང་། ཉེན་བརྡ་འབྱོར་རྗེས། མི་དམངས་ཉེན་རྟོག་པས་འཕྲལ་མར་མོའི་བུ་ཕྱི་ལ་འགྲོ་སྐབས་ཀྱི་གྱོན་ཆས་སོགས་ལ་ཞིབ་དཔྱད་ཞིབ་ཕྲ་བྱས་པ་དང་འབྲེལ། འབྲེལ་ཡོད་འཚོ་བའི་འདྲ་པར་ཡང་བསྡུ་རུབ་བྱས། ཉིན་དེའི་དགོང་མོར་མི་དམངས་ཉེན་རྟོག་པས་བུ་རྒྱུན་དུ་འགུལ་སྐྱོད་བྱེད་སའི་གནས་དེ་རུ་འཚོལ་ཞིབ་བྱས་ཀྱང་ཕྱི་ཉིན་ཐོ་རེངས་ཆུ་ཚོད1བར་དུ་རྙེད་མེད་པ་རེད།

མགོ་ཁྲིད་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་ཏེ་ཉེན་རྟོག་པའི་སྟོབས་ཤུགས་མགྱོགས་མྱུར་མང་དུ་བཏང་ནས་གྲངས་གཞི་ཆེན་མོར་བརྟེན་ནས་མི་སྣའི་འགུལ་སྐྱོད་ཀྱི་རྗེས་ཤུལ་རྩད་གཅོད་བྱས་ཏེ། ཁྲོམ་གཞུང་རྒྱུད་ཀྱི་ཚོང་ཁང་གི་ཚོང་བདག་དང་ཁྲོམ་གཞུང་གི་བདེ་སྲུང་མི་སྣར་འདྲི་རྩད་བྱས་ཤིང་། ཟླ7པའི་ཚེས1ཉིན་གྱི་ཆུ་ཚོད19ཡས་མས་སུ། མི་དམངས་ཉེན་རྟོག་པས་ཡུས་ཧུང་སྲང་ལམ་དུ་གཟུགས་གཞི་དང་འཚམ་པའི་མི་སྣ་ཞིག་མཐོང་ནས་ཐོབ་ཐང་ལ་ཞིབ་དཔྱད་བྱས་པ་བརྒྱུད། བོར་བརླག་ཏུ་སོང་བའི་མི་སྣ་ཡིན་པ་གཏན་འཁེལ་བྱས་རྗེས། འཕྲལ་མར་ཁོའི་ནང་མི་དང་འབྲེལ་བ་བྱས་ནས་ལེན་དུ་ཡོང་བ་རེད།

“དམངས་ཀྱི་བདེ་འཇགས་སེམས་སུ་ཉར།། ནུས་ཤུགས་ཡོད་རྒུས་དཀའ་ངལ་སེལ།།”ཞེས་པའི་དཔའ་དར་སྟེང་གི་སྐད་ཆ་ཐུང་གྲས་དེ་ཡིས་མངག་གཏོང་ཁང་གི་མི་དམངས་ཉེན་རྟོག་པར་སྐུལ་ལྕག་གནང་ཡོད་པར་མ་ཟད། ད་དུང་ཁོང་ཚོའི་རླབས་ཆེན་གྱི་བྱ་གཞག་ལ་ཁས་ལེན་ཡང་བྱས་ཡོད།

གོང་མ།:བླ་ཤིང་སྟེང་ཐོགས་པའི་བཅའ་ཁྲིམས་ལྟ་སྐུལ་གྱི་འབྲས་བུ།

ཞོལ་མ།:འཕྲིན་བཅར་བྱ་བའི་སྲོལ་ཡིག(གསུམ)