གནའ་གཞུང་ཡིག་ཚང་།
 

ལྡེབས་རིས་དང་བརྐོས་རིས།

ཡོང་ཁུངས།:ཁུལ་མི་རིགས་སྐད་ཡིག་གཞུང་སྒྲུབ  སྤེལ་དུས།:2011-07-29  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློག་གྲངས།:

རྩོམ་ཁུངས།མཚོ་སྔོན་རླུང་འཕྲིན་དྲ་བ།

ལྡེབས་རིས་སམ་ལོགས་རིས་ནི་གྱང་དང་རྩིག་པའི་ངོས་སུ་བཀོད་པའི་རི་མོ་ཡིན་ཞིང་།ནང་ཆོས་བོད་དུ་དར་བར་བསྟུན་ནས་མི་རྣམས་ཀྱིས་བྲག་ལྡེབས་དང་རི་སྟེང་དུ་བྲིས་པ་ནི་ལྡེབས་རིས་ཀྱི་ཐོག་མའི་རྣམ་པའོ།ཕྱིས་སུ་སངས་རྒྱས་ཀྱི་མཛད་བརྒྱ་དཔག་བསམ་འཁྲི་ཤིང་སོགས་དགོན་སྡེའི་གྱང་ངོས་སུ་བཀོད་པ་མང་ངོ་།བརྐོས་རིས་ལ་རྒྱུ་ཆའི་སྒོ་ནས་དབྱེ་ན་རྡོ་བརྐོས་དང་ཤིང་བརྐོས།གསེར་དངུལ་ཟངས་ལྕགས་ཀྱི་བརྐོས་རིས་སོགས་ཡོད།

1རྡོ་བརྐོས། བོད་ཡུལ་དུ་རྡོ་བརྐོས་ལག་རྩལ་དར་ཁྱབ་ཆེ།དགོན་སྡེ་གྲགས་ཅན་མང་བོར་རྡོ་སྐུ་ཤིན་ཏུ་མང་ལ།ས་ཆ་མང་པོ་ན་མ་ཎི་རྡོ་འབུམ་སོགས་ཡོད་དོ།།

2ཤིང་བརྐོས། བོད་རིགས་ཀྱི་ཤིང་བརྐོས་ལག་རྩལ་ནི་དགོན་སྡེ་སོ་སོའི་གཙུག་ལག་ཁང་དང་པར་གཞི་སོགས་བཀོད་པ་ཡིན།བོད་ཡུལ་དུ་ཤིང་བརྐོས་ནི་གདུང་མ་དང་ཀ་བ་སོགས་ཡོད་པ་ལྟ་བུ་རེད།

3གསེར་དངུལ་ཟངས་ལྕགས་ཀྱི་བརྐོས་དཀྲོལ། གསེར་དངུལ་ཟངས་ལྕགས་སོགས་ཀྱི་སྟེང་དུ་བརྐོས་དཀྲོལ་བྱས་པ་ཞིག་ཡིན།

4འཇིམ་བཟོ། འཇིམ་བཟོ་ནི་བཀོལ་རྒྱ་ཆེ་བ་དང་གྲངས་འབོར་མང་བ།རྣམ་འགྱུར་རྣམ་པ་སྣ་ཚོགས་ཡིན་པའི་སྒྱུ་རྩལ་རིགས་ཤིག་ཡིན།དེ་ཕལ་ཆེར་ཆོས་ལུགས་སྟེང་བཀོལ་བ་མང་ཞིང་།དགོན་སྡེ་སོ་སོ་ན་སྨན་སྐུ་མང་བོ་ཡོད་པ་བཞིན་ནོ།།

5མར་བཟོས་མཆོད་པ། མར་གྱིས་བཟོས་པའི་བཟོ་རྩལ་རིགས་ལ་བྱ་སྟེ།དེ་ལ་མེ་ཏོག་མཆོད་མཇལ་ཟེར།དཔེར་ན།ཨ་མདོ་སྐུ་འབུམ་བྱམས་པ་གླིང་དུ་ལོ་རེར་མེ་ཏོག་མཆོད་མཇལ་བཤམས་པ་ལྟ་བུའོ།།

གོང་མ།:སོག་པོ་སྟག་ཁྲིད་དང་ཨ་ཙ་ར་གླང་ཁྲིད།

ཞོལ་མ།:སོག་པོ་སྟག་ཁྲིད་དང་ཨ་ཙ་ར་གླང་ཁྲིད།