གནའ་གཞུང་ཡིག་ཚང་།
 

སྐབས་བཅུ་གསུམ་པའི་རྒྱལ་ཡོངས་བོད་ལུགས་གསོ་རིག་མཐོ་རིམ་ཟབ་སྦྱོང་འཛིན་གྲྭ་པེ་ཅིན་བོད་སྨན་ཁང་དུ་བསྡུས་པ།

ཡོང་ཁུངས།:​ཀྲུང་གོ་བོད་ཀྱི་དྲ་བ།  སྤེལ་དུས།:2024-10-22  རྩོམ་པ་པོ།:ཀྲུང་གོ་བོད་ལྗོངས་དྲ་བ།  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

ཟླ10པའི་ཚེས17ཉིན་གྱི་སྔ་དྲོར། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་བོད་ལུགས་གསོ་རིག་མཐོ་རིམ་ཟབ་སྦྱོང་འཛིན་གྲྭ་པེ་ཅིན་བོད་སྨན་ཁང་དུ་འཚོགས་མགོ་བརྩམས། སྐབས་འདིའི་ཟབ་སྦྱོང་འཛིན་གྲྭ་ནི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་གཙོ་གཉེར་བྱས་པ་དང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཚན་ཞིབ་ལས་སྒོ་གཞུང་ལས་ཁང་དང་། བོད་ལུགས་གསོ་རིག་ཞིབ་འཇུག་ཁང་། པེ་ཅིན་བོད་སྨན་ཁང་བཅས་ཀྱིས་མཉམ་འབྲེལ་སྒོས་བསྒྲུབས་པ་རེད།

ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་སྒྲུབ་པ་གཞོན་པ་བཀྲ་བློ་དང་། ཚན་ཞིབ་གཞུང་དོན་ཁང་དང་བོད་ལུགས་གསོ་རིག་ཞིབ་འཇུག་ཁང་། པེ་ཅིན་བོད་སྨན་ཁང་བཅས་ཀྱི་འགན་འཁུར་པ་སློབ་མགོ་ཚུགས་པའི་མཛད་སྒོར་ཞུགས།

ཟླ10པའི་ཚེས17ཉིན་གྱི་སྔ་དྲོ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་བོད་ལུགས་གསོ་རིག་མཐོ་རིམ་ཟབ་སྦྱོང་འཛིན་གྲྭ་པེ་ཅིན་བོད་སྨན་ཁང་དུ་འཚོགས་མག་ོབརྩམས།

སྐབས་འདིའི་ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭས་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་སྡེ་དགེ་རྫོང་རྫོང་གསར་སྨན་རྩིས་ཁང་གི་ཡོན་ཀྲང་ཟུར་པ་དང་། བོད་ལུགས་གསོ་རིག་གི་སྨན་པ་གྲགས་ཅན་ནམ་དགེ་རྒན་ཆེན་མོ་བློ་གྲོས་དམིགས་སུ་གདན་དྲངས་ནས། 《བོད་ལུགས་གསོ་རིག་གི་ནད་ཐོག་སྨན་བཅོས་ཀྱི་ཉམས་མྱོང་རྩལ་ནུས》ཀྱི་སློབ་ཚན་འཆད་ཁྲིད་གནང་། བོད་ལྗོངས་དང་སི་ཁྲོན། མཚོ་སྔོན། ཀན་སུའུ། ཡུན་ནན། པེ་ཅིན་བཅས་ནས་ཡོང་བའི་སློབ་མ130ལྷག་ཙམ་དུས་ཡུན་ཉིན7གྱི་གསོ་སྦྱོང་ནང་ཞུགས་རྒྱུ་རེད།

སློབ་མགོ་ཚུགས་པའི་མཛད་སྒོའི་སྟེང་པེ་ཅིན་བོད་སྨན་ཁང་གི་འགན་འཁུར་པ་གཙོ་བོས་ཤིས་ཚིག་གནང་སྟེ། ཐེངས་འདིའི་ཟབ་སྦྱོང་འཛིན་གྲྭའི་གྲ་སྒྲིག་གནས་ཚུལ་ངོ་སྤྲོད་བྱས། ཁོས་ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་ཀྱིས་བཅའ་ཁྲིམས་དང་ཁྲིམས་སྲོལ་མང་པོ་བཏོན་ནས་བོད་ལུགས་གསོ་རིག་དང་བོད་སྨན་བྱ་གཞག་ལ་སྲིད་ཇུས་ཀྱི་འགན་ལེན་བྱས་པས། བོད་ལུགས་གསོ་རིག་ཐད་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་འཕྲད་ཡོད། རྒྱལ་ཡོངས་བོད་ལུགས་གསོ་རིག་མཐོ་རིམ་ཟབ་སྦྱོང་འཛིན་གྲྭ་གཉེར་དོན་ནི་བོད་ལུགས་གསོ་རིག་གི་སྨན་པ་རྒན་གྲས་ཀྱི་རིག་གཞུང་བསམ་བློ་དང་ནད་ཐོག་སྨན་བཅོས་ཀྱི་ཉམས་མྱོང་རྒྱུན་འཛིན་བྱས་ནས། ཀྲུང་གོའི་བོད་ལུགས་གསོ་རིག་དང་བོད་སྨན་གསར་གཏོད་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ནུས་ཤུགས་ཕྲན་བུ་འདོན་རྒྱུ་དེ་རེད།

སྐབས་བཅུ་གསུམ་པའི་རྒྱལ་ཡོངས་བོད་ལུགས་གསོ་རིག་མཐོ་རིམ་ཟབ་སྦྱོང་འཛིན་གྲྭའི་སློབ་མ་ཚོས་མཉམ་པར་བསྐྱོན་པ།

དགེ་རྒན་ཆེན་མོ་བློ་གྲོས་ཀྱིས་གཙོ་གཉེར་ཕྱོགས་ཀྱི་གདན་ཞུ་དང་སློབ་ཞུགས་སློབ་མ་ཡོངས་ལ་ཐུགས་རྗེ་ཆེ་ཞུས་པ་མ་ཟད། བོད་ལུགས་གསོ་རིག་གི་ནད་ཐོག་སྨན་བཅོས་ཀྱི་ཉམས་མྱོང་དང་རྩལ་ནུས་སྐོར་ནས་སློབ་ཁྲིད་གནང་།

མཇུག་ཏུ་བཀྲ་བློས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་བོད་ལུགས་གསོ་རིག་མཐོ་རིམ་ཟབ་སྦྱོང་འཛིན་གྲྭ་དངོས་སུ་སློབ་མགོ་ཚུགས་པ་ཁྱབ་བསྒྲགས་གནང་། །


གོང་མ།:མཚོ་སྔོན་གྱི་ལིའུ་ཝན་ཚོན་རྫའི་ཁྲོད་ནས་ཡང་བསྐྱར་མཚོན་རྟགས་རི་མོ་སྐོར་ཞིག་གསར་རྙེད་བྱུང་བ།

ཞོལ་མ།:དེབ་གསར། «ནག་ཤོད་ཀྱི་གནའ་རབས་ལོ་རྒྱུས་དང་རིག་གནས་ཞིབ་འཇུག»