ཆེད་སྒྲིག་ལེ་ཚན།
 

ཞི་ཅིན་ཕིང་གིས་རྒྱལ་ཡོངས་དམངས་ཆེན་བཙུགས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་དུ་གསུང་བཤད་གལ་ཆེན་གནང་།

ཡོང་ཁུངས།:​ཀྲུང་གོ་བོད་ཀྱི་དྲ་བ།  སྤེལ་དུས།:2024-09-19  རྩོམ་པ་པོ།:གངས་ལྗོངས་མེ་ལོང་།  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:


ཟླ9པའི་ཚེས14ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། རྒྱལ་ཡོངས་དམངས་ཆེན་བཙུགས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གཟབ་རྒྱས་ངང་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་ཏེ་གསུང་བཤད་གལ་ཆེན་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9པའི་ཚེས14ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། རྒྱལ་ཡོངས་དམངས་ཆེན་བཙུགས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གཟབ་རྒྱས་ངང་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་ཏེ་གསུང་བཤད་གལ་ཆེན་གནང་། ཁོང་གིས་བགྲོད་ལམ་གྱི་གདེང་ཚོད་དང་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་བ། དམངས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་ཡག་པོ་དང་འཐུས་ཚང་ཡག་པོ། འཁོར་སྐྱོད་ཡག་པོ་བཅས་བྱས་ནས། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་གི་ཏང་དང་མི་དམངས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་ཆེད་ལམ་ལུགས་ཀྱི་འགན་ལེན་བརྟན་པོ་འདོན་སྤྲོད་བྱེད་དགོས་ཞེས་ནན་གྱིས་གསུངས།

ཟླ9པའི་ཚེས14ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། རྒྱལ་ཡོངས་དམངས་ཆེན་བཙུགས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གཟབ་རྒྱས་ངང་བསྡུས། ཞི་ཅིན་ཕིང་དང་ལིས་ཆང་། ཝང་ཧུའུ་ཉིང་། ཚའེ་ཆི། ཏེན་ཞུའེ་ཞང་། ལིས་ཞི། ཧན་ཀྲིན་སོགས་ཚོགས་ཆེན་ལ་ཞུགས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིས་ཆང་དང་ཝང་ཧུའུ་ཉིང་། ཚའེ་ཆི། ཏེན་ཞུའེ་ཞང་། ལིས་ཞི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་བཅས་ཚོགས་འདུར་ཞུགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཚོགས་ཆེན་ལ་འགོ་འཛིན་གནང་།

ཚོགས་ཆེན་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་དངོས་སུ་འགོ་བརྩམས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་། ཁོང་གིས་དམངས་ཆེན་གྱི་ལམ་ལུགས་ནི་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ལ་འགོ་ཁྲིད་གནང་ནས་དཀའ་སྤྱད་འཚོལ་ཞིབ་དང་ཡུན་རིང་འབད་འཐབ་བྱས་པའི་གྲུབ་འབྲས་དང་། ཀྲུང་གོའི་ས་རྒྱུའི་སྟེང་འཚར་ལོངས་བྱུང་བའི་ཆབ་སྲིད་ལམ་ལུགས་གསར་པ། མིའི་རིགས་ཀྱི་ཆབ་སྲིད་ལམ་ལུགས་ལོ་རྒྱུས་སྟེང་གི་རླབས་ཆེན་གྱི་གསར་གཏོད་བཅས་ཡིན། དམངས་ཆེན་གྱི་ལམ་ལུགས་བཙུགས་པ་དེས། ཀྲུང་གོའི་ཆབ་སྲིད་ནི་རྩ་བའི་ཆ་ནས་མི་ཉུང་ཤས་ཀྱིས་སྲིད་དབང་འཛིན་པ་དང་མི་ཆེས་མང་ཆེ་བས་གཉའ་གནོན་དང་བཤུ་གཞོག་མྱོང་དགོས་པ་ལས་རིམ་གྱིས་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པ་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་བར་གྱི་མཆོང་སྐྱོད་རླབས་ཆེན་མངོན་འགྱུར་བྱུང་བ་དང་། ཀྲུང་གོའི་ཆབ་སྲིད་ལམ་ལུགས་ལ་འཕོ་འགྱུར་རླབས་ཆེན་བྱུང་བ་ལེགས་པར་མཚོན་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་ལོ་ངོ70རིང་ལ། ཏང་གི་འགོ་ཁྲིད་འོག་ཏུ། དམངས་ཆེན་ལམ་ལུགས་ཀྱིས་རང་རྒྱལ་འདི་ཉིད་ཐོག་མཐའ་བར་གསུམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་སྟེང་མདུན་སྐྱོད་བྱེད་པར་འགན་ལེན་ནུས་ལྡན་བྱས་པ་དང་། ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་ཁྲིམས་ལྟར་རྒྱལ་ཁབ་ནུས་ལྡན་ངང་སྐྱོང་རྒྱུར་འགན་ལེན་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་རྒྱུར་འགན་ལེན། རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བར་གསོན་ཤུགས་རྒྱས་རྒྱུར་འགན་ལེན། བརྟན་བརླིང་དང་གོ་རིམ་ལྡན་རྒྱུར་འགན་ལེན། རྒྱལ་ཁབ་ཀྱི་ཕྱོགས་སོ་སོའི་ལས་དོན་ཁྲིམས་སྐྱོང་ཅན་དུ་འགྱུར་རྒྱུར་འགན་ལེན། རྒྱལ་ཁབ་ཡུན་སྐྱོང་བདེ་འགོད་ཡོང་བར་འགན་ལེན་བཅས་བྱེད་པའི་ཐད་ཆབ་སྲིད་ཀྱི་ལེགས་ཆ་མངོན་གསལ་བཏོན་པར་མ་ཟད། དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་དང་སྤྱི་ཚོགས་ཡུན་རིང་བརྟན་བརླིང་གི་ངོ་མཚར་ཆེན་པོ་གཉིས་བསྐྲུན་རྒྱུར་ལམ་ལུགས་ཀྱི་འགན་ལེན་གལ་ཆེན་མཁོ་འདོན་བྱས་ཡོད། ལག་ལེན་དངོས་ཀྱི་སྟེང་ནས་དམངས་ཆེན་གྱི་ལམ་ལུགས་ནི་རང་རྒྱལ་གྱི་གནས་ཚུལ་དངོས་དང་མཐུན་ཞིང་། སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཀྱི་ངོ་བོ་མཚོན་ཐུབ་པའི་ལམ་ལུགས་བཟང་པོ་ཞིག་ཡིན་ལ། མི་དམངས་ཡོངས་ཀྱི་སྟོབས་ཤུགས་ནུས་ལྡན་ངང་གཅིག་ཏུ་བསྒྲིལ་ནས། མཉམ་དུ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ལམ་ལུགས་བཟང་པོ་ཞིག་ཡིན་པ་ར་སྤྲོད་གསལ་བོ་བྱས་ཡོད་ཅེས་ནན་གྱིས་གསུངས།

ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་དུ། ང་ཚོའི་ཏང་གིས་ལོ་རྒྱུས་ཀྱི་ཕྱོགས་གནས་གསར་པའི་སྟེང་དུ་རྐང་ཚུགས་པར་བྱས་ཏེ། རང་རྒྱལ་གྱི་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོའི་འགྱུར་ལྡོག་གསར་པ་ཁོང་དུ་ཡང་དག་པར་ཆུད་པར་བྱས་པ་དང་། མི་དམངས་མང་ཚོགས་ཀྱིས་དམངས་གཙོའི་ཁྲིམས་སྐྱོང་ལ་བཏོན་པའི་བླང་བྱ་གསར་པ་དང་རེ་ལྟོས་གསར་པར་ཨ་ལན་གང་ལེགས་བྱིན་ལ། དམངས་ཆེན་གྱི་རྩ་འཛུགས་ལམ་ལུགས་དང་བྱ་བའི་ལམ་ལུགས་སྔར་ལས་འཐུས་ཚང་དུ་བཏང་ནས། དམངས་ཆེན་གྱི་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་བཏང་ཡོད། ང་ཚོས་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་ཀྲུང་གོའི་དོན་དངོས་དང་ཟུང་འབྲེལ་བྱ་རྒྱུ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་གོང་དུ་འཕེལ་བའི་ཆོས་ཉིད་ཁོང་དུ་ཡང་དག་པར་ཆུད་པར་བྱས་པའི་རྨང་གཞིའི་སྟེང་དུ། དམངས་ཆེན་ལམ་ལུགས་ཀྱི་གཞུང་ལུགས་དང་ལག་ལེན་གྱི་གསར་གཏོད་ལ་རྒྱུན་མཐུད་ངང་སྐུལ་འདེད་ནུས་ལྡན་བཏང་ཡོད། དམངས་ཆེན་གྱི་ལམ་ལུགས་ནི་རང་རྒྱལ་གྱི་བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་མངོན་འགྱུར་ཡོང་བར་བྱེད་པའི་ལམ་ལུགས་ཀྱི་གཞི་རྟེན་གལ་ཆེན་ཞིག་ཡིན་པས། ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་རྒྱུ་དང་། ངེས་པར་དུ་ལམ་ལུགས་མ་ལག་ལ་བརྟེན་ནས་མི་དམངས་རང་ཁྱིམ་རང་བདག་གི་འགན་སྲུང་རྒྱུན་འཁྱོངས་བྱེད་པ། ངེས་པར་དུ་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་རྒྱུན་འཁྱོངས་བྱེད་པ། ངེས་པར་དུ་དམངས་གཙོ་གཅིག་སྡུད་ལམ་ལུགས་རྒྱུན་འཁྱོངས་བྱེད་པ། ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱེད་པ། ངེས་པར་དུ་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ། ངེས་པར་དུ་དམངས་ཆེན་འཐུས་མིའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། ངེས་པར་དུ“ལས་ཁུངས་བཞིའི”བླང་བྱ་ལྟར་དམངས་ཆེན་གྱི་རིམ་པ་སོ་སོའི་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས། འདུ་ཤེས་གསར་པ་དང་བསམ་བློ་གསར་པ། བླང་བྱ་གསར་པ་བཅས་རབ་དང་རིམ་པ་དེ་དག་གིས་ཏང་གི་དམངས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་སྐོར་གྱི་དགོངས་པ་གལ་ཆེན་གྲུབ་སྟེ། དུས་རབས་གསར་པའི་ནང་དུ། དམངས་ཆེན་གྱི་ལས་དོན་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་རྒྱུར་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་དམངས་ཆེན་གྱིས་རྩ་ཁྲིམས་དང་བཅའ་ཁྲིམས་ཁྱོན་ཡོངས་ནས་ལག་བསྟར་ནུས་ལྡན་བྱེད་པར་འགན་ལེན་བྱེད་པའི་ཐད་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱེད་དགོས། རིམ་པ་སོ་སོའི་དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འགན་ནུས་འདོན་སྤེལ་གང་ལེགས་བྱེད་པ་དང་། རྒྱལ་ཁབ་ཀྱི་ཁྲིམས་ལུགས་གཅིག་གྱུར་དང་རྩིས་ཐང་། དབང་གྲགས་བཅས་ལ་སྲུང་སྐྱོབ་མཐའ་གཅིག་ཏུ་བྱས་ཏེ། རྩ་ཁྲིམས་དང་བཅའ་ཁྲིམས་ལག་བསྟར་ནུས་ལྡན་བྱེད་པར་འགན་ལེན་དང་། རྒྱལ་ཁབ་ཀྱི་ལས་ཁུངས་ཚང་མས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་ཁྱབ་ཁོངས་སུ་འགན་འཁྲི་སྒྲུབ་པ་དང་ལས་དོན་སྤེལ་བར་འགན་ལེན་ནན་མོ་བྱེད་དགོས་ཞེས་ནན་གྱིས་གསུངས།

ཞི་ཅིན་ཕིང་གིས་ཁྲིམས་འཛུགས་བྱ་བའི་ཁྲོད་དམངས་ཆེན་གྱི་གཙོ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། ཏང་ཨུས་འགོ་ཁྲིད་དང་དམངས་ཆེན་གྱིས་གཙོ་ཁྲིད། སྲིད་གཞུང་གིས་རྒྱབ་རྟེན། ཕྱོགས་གང་ཅི་ཟབ་ཞུགས་བཅས་ཀྱི་ཁྲིམས་འཛུགས་ལས་དོན་གྱི་རྣམ་པ་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་རྒྱུ་དང་། ཁྱབ་ཁོངས་གཙོ་བོ་དང་གསར་དར་ཁྱབ་ཁོངས། ཕྱི་འབྲེལ་ཁྱབ་ཁོངས་བཅས་ཀྱི་ཁྲིམས་འཛུགས་ལ་ཤུགས་སྣོན་པ། ཁྲིམས་འཛུགས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་མུ་མཐུད་འཐུས་ཚང་དུ་གཏོང་དགོས། ཁེ་དབང་དྲང་སྙོམས་དང་གོ་སྐབས་དྲང་སྙོམས། སྒྲིག་སྲོལ་དྲང་སྙོམས་བཅས་ཡིན་པ་མཚོན་ཐུབ་པའི་བཅའ་ཁྲིམས་ལམ་ལུགས་མགྱོགས་མྱུར་ངང་འཐུས་ཚང་དུ་བཏང་ནས། སྤྱི་དམངས་ཀྱི་ཁེ་དབང་སྣ་ཚོགས་དོན་འཁྱོལ་ནུས་ལྡན་ཡོང་བར་འགན་སྲུང་བྱེད་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་ཁྲོད་ཀྱི་དམངས་ཆེན་གྱི་ལྟ་སྐུལ་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱེད་དགོས། དམངས་ཆེན་གྱིས“སྲིད་གཞུང་གཅིག་ཨུ་ཡོན་ལྷན་ཁང་གཅིག ཁང་གཉིས”ལ་ལྟ་སྐུལ་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། རྩ་ཁྲིམས་དང་བཅའ་ཁྲིམས་ལག་བསྟར་བྱས་པའི་གནས་ཚུལ་ལ་ལྟ་སྐུལ་བྱེད་པར་ཤུགས་སྣོན་པ། དམངས་ཆེན་གྱིས་སྔོན་རྩིས་དང་ངེས་རྩིས་ལ་ཞིབ་བཤེར་ལྟ་སྐུལ་དང་རྒྱལ་དབང་རྒྱུ་ནོར་དོ་དམ། སྲིད་གཞུང་གི་བུ་ལོན་དོ་དམ་ལ་ལྟ་སྐུལ་བཅས་བྱེད་པར་ཤུགས་སྣོན་པ། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བ། རྒྱལ་ཁབ་ལས་ཁུངས་སོ་སོས་ཁྲིམས་ལྟར་དབང་ཆ་སྤྱོད་པར་དངོས་སུ་འགན་ལེན་བྱེད་པ་དང་། དམངས་ཆེན་གྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་དང་མངོན་འགྱུར་ཡོང་བར་དངོས་སུ་འགན་ལེན་བྱེད་དགོས། སྲིད་འཛིན་ལས་ཁུངས་དང་ལྟ་ཞིབ་ལས་ཁུངས། འདྲི་གཅོད་ལས་ཁུངས། ཞིབ་དཔྱོད་ལས་ཁུངས་བཅས་རིམ་པ་སོ་སོས་དམངས་ཆེན་གྱི་ལྟ་སྐུལ་རང་འགུལ་ངང་དང་ལེན་བྱས་ཏེ། རང་སོ་སོའི་ལྟ་སྐུལ་འགན་འཁྲི་དངོས་སུ་ལག་བསྟར་བྱེད་དགོས་ཞེས་ནན་གྱིས་གསུངས།

ཞི་ཅིན་ཕིང་གིས་དམངས་ཆེན་གྱིས་མི་དམངས་མང་ཚོགས་དང་འབྲེལ་འདྲིས་དམ་ཟབ་བྱེད་པའི་ཁྲོད་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། རྒྱལ་ཁབ་ཀྱི་ལས་ཁུངས་དང་རྒྱལ་ཁབ་ཀྱི་ལས་བྱེད་མི་སྣ་ཐམས་ཅད་ཀྱིས་ངེས་པར་དུ་མི་དམངས་ཀྱི་སྤྱི་ཞབས་པ་ཡིན་པའི་འདུ་ཤེས་བརྟན་པོ་འཛིན་དགོས་པ་དང་། མི་དམངས་སེམས་ཁོང་གི་གོ་གནས་མཐོ་ཤོས་སུ་འཇོག་དགོས་ཤིང་། མི་དམངས་མང་ཚོགས་དང་འབྲེལ་འདྲིས་དམ་པོ་ཡོང་བ་རྒྱུན་འཁྱོངས་བྱེད་དགོས། དམངས་ཆེན་གྱི་འཐུས་མིའི་ཕྲག་སྟེང་དུ་མི་དམངས་ཀྱིས་སྤྲད་པའི་གཟི་བརྗིད་ལྡན་པའི་འགན་འཁྲི་འཁུར་ཡོད་པས། ལྷག་བསམ་རྣམ་དག་གིས་མི་དམངས་ཀྱི་ཁེ་ཕན་དང་འདོད་བློ་མཚོན་རྒྱུ་དང་། ཏང་དང་རྒྱལ་ཁབ་ཀྱིས་མི་དམངས་མང་ཚོགས་དང་འབྲེལ་གཏུག་བྱེད་པའི་ཟམ་པ་ཡག་པོ་ཞིག་བྱེད་དགོས། རྒྱལ་ཁབ་ལས་ཁུངས་སོ་སོས་དམངས་ཆེན་འཐུས་མིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པར་རྒྱབ་སྐྱོར་དང་འགན་སྲུང་བྱེད་པ་དང་། འཐུས་མིར་འབྲེལ་གཏུག་བྱེད་པའི་ལམ་ལུགས་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ། དམངས་ཆེན་འཐུས་མིས་མི་དམངས་མང་ཚོགས་དང་འབྲེལ་གཏུག་བྱེད་པའི་ནང་དོན་དང་རྣམ་པ་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་རིམ་པ་སོ་སོའི་ཏང་ཨུས་དམངས་ཆེན་ལས་དོན་ལ་ཁྱོན་ཡོངས་ནས་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་ལྟར་འགན་དབང་སྤྱོད་པ་དང་ལས་དོན་སྤེལ་བར་རྒྱབ་སྐྱོར་བྱེད་དགོས། དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རིམ་པ་སོ་སོའི་ཏང་ཙུའུ་ཡིས་ཐོག་མཐའ་བར་གསུམ་དུ་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་རང་བདག་འགན་འཁྲི་དོན་འཁྱོལ་ཡག་པོ་བྱེད་པ། “ལས་ཁུངས་བཞིའི”བླང་བྱ་ལྟར་དུ། དམངས་ཆེན་ལས་ཁུངས་ཀྱི་ཆབ་སྲིད་འཛུགས་སྐྲུན་དང་བསམ་བློ་འཛུགས་སྐྲུན། རྩ་འཛུགས་འཛུགས་སྐྲུན། སྤྱོད་ལམ་འཛུགས་སྐྲུན། སྒྲིག་ཁྲིམས་འཛུགས་སྐྲུན་བཅས་ལ་དངོས་སུ་ཤུགས་སྣོན་པ་དང་། ཆབ་སྲིད་སྲ་བརྟན་དང་མི་དམངས་ལ་ཞབས་འདེགས། ཁྲིམས་སྐྱོང་ལ་བརྩི་བཀུར། དམངས་གཙོ་དར་སྤེལ། རང་འགན་འབད་སྒྲུབ་བཅས་བྱེད་པའི་དམངས་ཆེན་ལས་དོན་གྱི་དཔུང་སྡེ་ཞིག་བསྐྲུན་ཏེ། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་གི་དམངས་ཆེན་བྱ་བའི་སྤུས་ཚད་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་ཞེས་ནན་གྱིས་གསུངས།


ཟླ9པའི་ཚེས14ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། རྒྱལ་ཡོངས་དམངས་ཆེན་བཙུགས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གཟབ་རྒྱས་ངང་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཚོགས་ཆེན་འགོ་འཛིན་གནང་།

ཀྲའོ་ལི་ཅི་ཡིས་ཚོགས་ཆེན་ལ་འགོ་འཛིན་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ཀྱི་འགོ་ཁྲིད་དེ། དམངས་ཆེན་ལམ་ལུགས་བཙུགས་པ་དང་འཐུས་ཚང་དུ་བཏང་བའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་འཕེལ་རིམ་ལ་ཕྱིར་མིག་འཕངས་པ་དང་། དམངས་ཆེན་ལམ་ལུགས་ཀྱི་མངོན་གསལ་དོད་པའི་ཆབ་སྲིད་ཀྱི་ལེགས་ཆ་རྒྱས་བཤད་གཏིང་ཟབ་གནང་བ། དུས་རབས་གསར་པའི་དམངས་ཆེན་ལམ་ལུགས་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གསར་གཏོད་ཀྱི་གྲུབ་འབྲས་གལ་ཆེན་ལ་བརྒྱུད་རིམ་ལྡན་པའི་ངང་སྤྱི་སྡོམ་བཅས་གནང་སྟེ། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་སྟེང་དུ། དམངས་ཆེན་ལམ་ལུགས་རྒྱུན་འཁྱོངས་ཡག་པོ་དང་འཐུས་ཚང་ཡག་པོ། ལག་བསྟར་ཡག་པོ་བཅས་བྱ་རྒྱུར་ཕྱོགས་ཡོངས་ནས་བཀོད་སྒྲིག་གནང་བ་དང་བླང་བྱ་གསལ་པོ་བཏོན་ཡོད། གསུང་བཤད་ཀྱི་བརྗོད་སྙིང་གཏིང་ཟབ་ལ་ཞུམ་པ་མེད་པར་མདུན་དུ་སྐྱོད་པར་ཡར་སྐུལ་བྱེད་པ་ཞིག་ཡིན་པས། དེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམངས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་སྐོར་གྱི་དགོངས་དོན་གལ་ཆེན་ཕུན་སུམ་ཇེ་ཚོགས་སུ་བཏང་བ་དང་འཕེལ་རྒྱས་སུ་བཏང་ཡོད་ལ། དེ་ནི་མར་ཁེ་སི་རིང་ལུགས་བདེན་དོན་གྱི་འོད་སྟོང་འཕྲོ་བའི་རྩ་འཛིན་རང་བཞིན་གྱི་ཡིག་ཚགས་ཤིག་ཀྱང་ཡིན་པས། གསུང་བཤད་གལ་ཆེན་དེར་ནན་ཏན་གྱིས་སློབ་སྦྱོང་དང་གོ་བ་ལེན་པ་དང་མཐའ་གཅིག་ཏུ་ལག་ལེན་དོན་འཁྱོལ་བྱེད་དགོས། ང་ཚོས“གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་དགོས་ཤིང་། རང་རྟོགས་སྒོས“སྲུང་སྐྱོང་གཉིས”སྒྲུབ་ཐུབ་པར་བྱེད་དགོས་པ་དང་། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་བསྐྱོད་དེ། དམངས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་ཡག་པོ་དང་འཐུས་ཚང་ཡག་པོ། འཁོར་སྐྱོད་ཡག་པོ་བཅས་བྱེད་དགོས་ཞེས་གསུངས།

པེ་ཅིང་དུ་ཡོད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། རྒྱལ་སྲིད་ཨུ་ཡོན། ཆེས་མཐོ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཁག་ཅིག རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་ཀྱི་འགན་བཞེས་མྱོང་བའི་བློ་མཐུན་རྒན་གྲས་དང་ཀྲུང་དབྱང་དམག་ཨུའི་ཨུ་ཡོན་བཅས་ཚོགས་ཆེན་ལ་ཞུགས།

ཀྲུང་དབྱང་གི་ཏང་སྲིད་དམག་དམངས་བཅས་ཀྱི་སྡེ་ཁག་སོ་སོ་དང་པེ་ཅིང་གྲོང་ཁྱེར་གྱི་འགན་འཁུར་བློ་མཐུན་གཙོ་བོ། དམངས་གཙོའི་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ་དང་། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོའི་ཁོངས་མི། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་དང་ཞིང་ཆེན་རིམ་པ་གཞོན་པའི་གྲོང་ཁྱེར་གྱི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བློ་མཐུན། རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ཁག་ཅིག རྒྱལ་སའི་ལས་རིགས་སོ་སོའི་འཐུས་མི། ཀྲུང་གོར་སྡོད་པའི་ཕྱི་རྒྱལ་གྱི་གཞུང་ཚབ་པ་སོགས་མི3000ཙམ་ཚོགས་ཆེན་ལ་ཞུགས།  །

གོང་མ།:ཚོད་འཛིན་ཁྲོད་ཀྱི་མི་ཚེ། གློག་བརྙན《ཕྲུ་གུ་འཛིན་པ》ཞེས་པར་དཔྱད་པ།

ཞོལ་མ།:གསར་པར་དེབ«དཔལ་དོན་གྲུབ་རྒྱལ་གྱི་གསུང་འབུམ»