
པར་འདི་ནི་གཙོད་ཁྱུ་ཡིན།

པར་འདི་ནི་སྲོག་ཆགས་གཙོད་ཀྱིས་གཟན་རྩྭ་ཟ་བཞིན་པའི་ཚུལ་རེད།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། གསར་འགོད་པས་བོད་ལྗོངས་ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་ནས་རྒྱུས་ལོན་པ་ལྟར་ན། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རིང་ལ་ཉི་མ་རྫོང་གི་སྐྱེ་དངོས་སྣ་མང་རང་བཞིན་ལ་ཕན་འབྲས་མངོན་གསལ་བླངས་ནས། ཁྱབ་ཁོངས་ཀྱི་སྟོངས་ཉེན་ཆེ་བའི་སྲོག་ཆགས་རྩ་ཆེན་གྱི་གྲངས་འབོར་བརྟན་བརླིང་ངང་འཕེལ། བོད་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ཉི་མ་རྫོང་ཡུག་ཁུལ་གྱི་གཙོད་ཀྱི་གྲངས་འབོར་ཁྲི20ལས་བརྒལ་ཞིང་། གསའ་སོགས་སྲོག་ཆགས་རྩ་ཆེན་རིགས་ཀྱི་རྗེས་ཤུལ་ཡང་མཐོང་ཐུབ། དུས་མཚུངས་སུ་ཉི་མ་རྫོང་གིས་བསྡོམས་པས་ཉིན་རྒྱུན་སྐོར་ཞིབ་ཐེངས5000དང་སྐོར་ཞིབ་ཆེ་གྲས་ཐེངས13སྤེལ། རྒྱལ་ཁབ་ཀྱི་རིམ་པ་དང་པོ་དང་རིམ་པ་གཉིས་པའི་སྲུང་སྐྱོང་སྲོག་ཆགས1000ལྷག་བསྐྱབས། གཞན་ཡང་རེས་སྐོར་གསར་བའི་རྩྭ་ཐང་ཕྱུག་འཚོ་ཚད་ཉུང་དུ་གཏོང་བའི་ལས་དོན་ལག་བསྟར་བྱས་ནས། ཚན་རིག་དང་མཐུན་པའི་ངང་ཕྱུག་བཀག་ཁུལ་དང་ཕྱུག་འཚོ་ཁུལ་བཀོད་སྒྲིག་བྱས་པས། རྩྭ་ཕྱུག་དོ་མཉམ་ཚད100%ཟིན། བོད་བྱང་ཐང་གི་རྩྭ་ཐང་དཀྱིལ་དབུས་ཁུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་སྔར་ལས་ཤུགས་དང་ལྡན་པས་སྐྱེ་ཁམས་རྨང་གཞི་སྔར་ལས་མཛེས་པ་ཡིན། །