ཆེད་སྒྲིག་ལེ་ཚན།
 

ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར105ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིན་དུ་གཟབ་རྒྱས་ངང་འཚོགས་པ།

ཡོང་ཁུངས།:​ཀྲུང་གོ་བོད་ཀྱི་དྲ་བ།  སྤེལ་དུས།:2026-07-06  རྩོམ་པ་པོ།:ཞིན་ཧྭ་དྲ་བ།  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློག་གྲངས།:



ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར105ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིན་དུ་གཟབ་རྒྱས་ངང་འཚོགས་པ་དང་། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་སྐབས་ནན་གྱིས་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་གིས་ལོ་ངོ105ཡི་འབད་འཐབ་ཁྲོད་ཟམ་མི་ཆད་པར་འོད་སྟོང་བསྐྲུན་ཐུབ་པ་དང་། ལོ་རྒྱུས་དང་མི་དམངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གདམ་ག་བྱེད་དོན་ནི། ང་ཚོའི་ཏང་ལ་སྲིད་ཏང་དང་ཆབ་སྲིད་སྟོབས་ཤུགས་གཞན་དག་གིས་འགྲན་ཟླ་བྲལ་བའི་ཁྱད་ཆོས་ཕུལ་བྱུང་ལྡན་པས་རེད།  ང་ཚོས་འགྱུར་མེད་ཡིད་ཆེས་དང་རྒྱུན་མཐུད་འབད་འབུངས་བྱས་ཏེ། དོན་དངོས་གསར་བ་དང་འབྲེལ་ནས་ཏང་གི་ཕུལ་བྱུང་ཁྱད་གཤིས་མུ་མཐུད་དུ་རྒྱ་ཆེར་དར་སྤེལ་གཏོང་དགོས་ཤིང་། ནམ་ཡང་ཏང་གི་ངོ་བོ་དང་ཁ་དོག་དང་བྲོ་བ་མི་འགྱུར་བ་དང་། ཐོག་མཐའ་བར་གསུམ་དུ་སྟོབས་ཆེའི་གསར་སྐྲུན་ནུས་པ་དང་གཅིག་སྒྲིལ་ནུས་པ། འཐབ་རྩོད་ནུས་པ་ལྡན་པར་ཁག་ཐེག་བྱེད་དགོས།

ལི་ཆང་གིས་མགོ་འཛིན་གནང་བ་དང་། ཀྲའོ་ལེ་ཅི་དང་ཝང་ཧུའུ་ཉིང་། ཏིན་ཞུའེ་ཞང་། ལི་ཞི། ཧན་ཀྲེང་བཅས་ཚོགས་འདུར་ཞུགས་པ་དང་། ཚའེ་ཆི་ཡིས་ཆོད་ཡིག་སྒྲོག་འདོན་བྱས།

ཟླ7པའི་ཚེས1ཉིན་གྱི་སྔ་དྲོར། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར105ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་གཟབ་རྒྱས་ངང་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར105ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཟླ7པའི་ཚེས1ཉིན་གྱི་སྔ་དྲོར་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་གཟབ་རྒྱས་ངང་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས“བདུན་གཅིག་མཛད་རྗེས་གཟེངས་རྟགས”ཐོབ་མཁན་ལ་གཟེངས་རྟགས་གནང་བ་མ་ཟད་གསུང་བཤད་གལ་ཆེན་གནང་། ཁོང་གིས་ནན་གྱིས་བསྟན་དོན། ལོ་ངོ105རིང་། ང་ཚོས་ཏང་གིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་མི་དམངས་ལ་བདེ་སྐྱིད་བརྩོན་ལེན་དང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་བརྩོན་ལེན་བྱེད་པའི་ཐོག་མའི་བསམ་འདུན་བརྟན་སྲུང་བྱས་ཏེ། རྒྱུན་མཐུད་འབད་འབུངས་ཁྲོད་ལོ་རྒྱུས་དེབ་ཐེར་རུ་འགོད་ཆོག་པའི་རླབས་ཆེའི་གྲུབ་འབྲས་བསྐྲུན་ཡོད། རྒྱང་སྐྱོད་གསར་པའི་ཁྲོད། ཏང་ཡོངས་ཀྱི་བློ་མཐུན་རྣམས་ཀྱིས་ཡིད་ཆེས་སྲ་བརྟན་དང་རྒྱུན་མཐུད་འབད་འཐབ་བྱས་ཏེ། མུ་མཐུད་དུ་དུས་རབས་དང་མི་དམངས་ལ་ངོ་གནོང་མི་དགོས་པའི་གྲུབ་འབྲས་གསར་བ་བསྐྲུན་དགོས།

ཟླ7པའི་ཚེས1ཉིན་གྱི་སྔ་དྲོར། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར105ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་གཟབ་རྒྱས་ངང་འཚོགས། ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིན་ཞུའེ་ཞང་། ལི་ཞི། ཧན་ཀྲེང་སོགས་ཚོགས་ཆེན་ལ་ཞུགས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཆང་དང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིན་ཞུའེ་ཞང་། ལི་ཞི་བཅས་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཧན་ཀྲེང་སོགས་ཚོགས་ཆེན་ལ་ཞུགས།

སྔ་དྲོའི་ཆུ་ཚོད9ཡས་མས་ལ། “བདུན་གཅིག་མཛད་རྗེས་གཟེངས་རྟགས”ཐོབ་མཁན་རྣམས་མཉམ་དུ་མགྲོན་བསུ་རླངས་འཁོར་ལ་བསྡད་དེ། སྡོད་གནས་ནས་ཐོན་ཏེ་མགྲོན་བསུ་སྦག་སྦག་རུ་སོ་སོའིས་མི་དམངས་ཚོགས་ཁང་ཆེན་མོར་སྲུང་སྐྱེལ་བྱས་པ་རེད། མི་དམངས་ཚོགས་ཁང་ཆེན་མོའི་བྱང་སྒོའི་ཕྱི་རོལ་དུ། གུས་དམག་རྣམས་འགྲོ་ལམ་གྱི་གཞོགས་གཉིས་སུ་བསྒྲིགས་ཤིང་། གཞོན་ནུ་ལོ་ཆུང་ཚོས་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་གནང་། “བདུན་གཅིག་མཛད་རྗེས་གཟེངས་རྟགས”ཐོབ་མཁན་རྣམས་ས་གདན་དམར་པོ་བརྒྱུད་ནས་མི་དམངས་ཚོགས་ཁང་ཆེན་མོར་འཛུལ། ཏང་དང་རྒྱལ་ཁབ་ཀྱི་མཛད་རྗེས་གཟི་བརྗིད་གཟེངས་བསྟོད་ལས་དོན་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་མགོ་ཁྲིད་བློ་མཐུན་སོགས་ཀྱིས་དེ་གར་ཐུན་མོང་ཐོག་ཁོང་ཚོ་ཕེབས་པར་བསུ་མ་ཞུས། 

མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་དུ་གཟབ་རྒྱས་ཀྱི་རྣམ་པས་ཁེངས་ཡོད། ཀྲུའུ་ཞིའི་སྟེགས་བུའི་ཡར་སྟེང་དུ“ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར105ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན”ཞེས་པའི་ཚོགས་རྟགས་བཀལ་ཡོད་པ་དང་། རྒྱབ་ཕྱོགས་ཀྱི་དཀྱིལ་དུ་འོད་ཆེམ་ཆེམ་དུ་འཕྲོ་བའི་ཀྲུང་གོ་གུང་ཁྲན་ཏང་གི་ཏང་རྟགས་བཀལ་ཡོད། ཏང་རྟགས་འོག་ཏུ“1921-2026”ཞེས་པའི་ཡི་གེ་བཀོད་ཡོད། དར་དམར10གཞོགས་གཉིས་སུ་བསྒྲིགས་ཡོད། ཐོག་བརྩེགས་གཉིས་པའི་གཟིགས་སྟེགས་སྟེང་དུ་སྦྱར་ཡིག་བཀལ་ཡོད་པ་སྟེ། “བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྱོན་ཡོངས་ནས་ལག་བསྟར་དང་། རླབས་ཆེན་གྱི་ཏང་འཛུགས་སྐྱོང་སྙིང་སྟོབས་དར་སྤེལ། ཐོག་མའི་བསམ་འདུན་དང་ལས་འགན་ལག་ལེན་བསྟར་བ་བཅས་ཀྱི་སྒ་ོནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་ཆེན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས”ཞེས་བྲིས་ཡོད།

ཆུ་ཚོད10ཏག་ཏག་ལ། ལི་ཆང་གིས་རྟེན་འབྲེལ་ཚོགས་ཆེན་མགོ་ཚུགས་པ་ཁྱབ་བསྒྲགས་བྱས་པ་དང་། ཚོགས་ར་ཡོངས་ཡར་ལངས་ནས་རྒྱལ་གླུ་སྐད་གསེང་མཐོན་པོས་བླངས་པ་རེད། 

ཚའེ་ཆིས《ཀྲུང་གུང་ཀྲུང་དབྱང་གིས“བདུན་གཅིག་མཛད་རྗེས་གཟེངས་རྟགས”སྤྲོད་རྒྱུའི་སྐོར་གྱི་ཆོད་དོན》སྒྲོག་འདོན་བྱས། 《ཆོད་དོན》ནང་བསྟན་དོན། ཡུན་རིང་གཞི་རིམ་དུ་རྩ་བ་ཚུགས་པ་དང་། ཏང་གི་ཆེད་དུ་ལས་ཀ་སྒྲུབ་པ། དམངས་ལ་ཞབས་འདེགས་ཞུ་བ། མཛད་རྗེས་འབུར་ཐོན་བཞག་པ་བཅས་ཀྱི་མཛད་རྗེས་འཇོག་མཁན་དཔེ་བཟང་ཏང་ཡོན་ལ་གཟེངས་བསྟོད་གཟབ་རྒྱས་བྱེད་པ་དང་། ཏང་ཡོངས་ཀྱིས་ཐོག་མའི་བསམ་འདུན་མི་བརྗེད་པ་དང་། ལས་འགན་བློ་ལ་བརྟན་པོར་ངེས་པ། འབད་བརྩོན་ཆེན་པོ་དང་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་པར་སྐུལ་མ་གཏོང་ཆེད། ཏང་ཀྲུང་དབྱང་གིས་བློ་མཐུན་མ་ཧྲན་ཞང་དང་། ཝང་ཝུའུ་ཁྲང་། ལི་ལེན་ཁྲིན། ཝུའུ་ཧ་སི·སུའུ་ལའེ་མན། ཝུའུ་ཡ་ཆིན། ཁྲེན་ཅུན་ཝུའུ། ཀྲའོ་ཡ་ཧྥུའུ། ཀྲུང་ཅེའོ་བཅས་ལ “བདུན་གཅིག་མཛད་རྗེས་གཟེངས་རྟགས”སྤྲོད་རྒྱུ་གཏན་འབེབས་བྱས།

དར་ཆ་འཁྱེར་མཁན་གཉིས་ཀྱིས་ཏང་གི་དར་ཆ་མཐོན་པོར་བསྒྲེངས་པ་དང་། གུས་དམག་གཅིག་གིས“བདུན་གཅིག་མཛད་རྗེས་གཟེངས་རྟགས”བསྣམས་ནས་གོམ་སྟབས་ཆེན་པོས་མཛད་སྒོའི་ཡུལ་དངོས་སུ་བསྐྱོད་པ་རེད། 

ཟླ7པའི་ཚེས1ཉིན་གྱི་སྔ་དྲོར། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར105ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་གཟབ་རྒྱས་ངང་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས“བདུན་གཅིག་མཛད་རྗེས་གཟེངས་རྟགས”ཐོབ་མཁན་ལ་གཟེངས་རྟགས་གནང་།

ཟླ7པའི་ཚེས1ཉིན་གྱི་སྔ་དྲོར། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར105ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་གཟབ་རྒྱས་ངང་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས“བདུན་གཅིག་མཛད་རྗེས་གཟེངས་རྟགས”ཐོབ་མཁན་མ་ཧྲན་ཞང་ལ་གཟེངས་རྟགས་གནང་།

ཟླ7པའི་ཚེས1ཉིན་གྱི་སྔ་དྲོར། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར105ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་གཟབ་རྒྱས་ངང་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས“བདུན་གཅིག་མཛད་རྗེས་གཟེངས་རྟགས”ཐོབ་མཁན་མ་ཧྲན་ཞང་ལ་གཟེངས་རྟགས་གནང་།

ཟླ7པའི་ཚེས1ཉིན་གྱི་སྔ་དྲོར། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར105ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་གཟབ་རྒྱས་ངང་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས“བདུན་གཅིག་མཛད་རྗེས་གཟེངས་རྟགས”ཐོབ་མཁན་ཝང་ཝུའུ་ཁྲང་ལ་གཟེངས་རྟགས་གནང་།

ཟླ7པའི་ཚེས1ཉིན་གྱི་སྔ་དྲོར། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར105ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་གཟབ་རྒྱས་ངང་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས“བདུན་གཅིག་མཛད་རྗེས་གཟེངས་རྟགས”ཐོབ་མཁན་ཝང་ཝུའུ་ཁྲང་ལ་གཟེངས་རྟགས་གནང་།

ཟླ7པའི་ཚེས1ཉིན་གྱི་སྔ་དྲོར། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར105ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་གཟབ་རྒྱས་ངང་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས“བདུན་གཅིག་མཛད་རྗེས་གཟེངས་རྟགས”ཐོབ་མཁན་ལི་ལེན་ཁྲིན་ལ་གཟེངས་རྟགས་གནང་།

ཟླ7པའི་ཚེས1ཉིན་གྱི་སྔ་དྲོར། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར105ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་གཟབ་རྒྱས་ངང་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས“བདུན་གཅིག་མཛད་རྗེས་གཟེངས་རྟགས”ཐོབ་མཁན་ལི་ལེན་ཁྲིན་ལ་གཟེངས་རྟགས་གནང་།

ཟླ7པའི་ཚེས1ཉིན་གྱི་སྔ་དྲོར། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར105ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་གཟབ་རྒྱས་ངང་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས“བདུན་གཅིག་མཛད་རྗེས་གཟེངས་རྟགས”ཐོབ་མཁན་ཝུའུ་ཧ་སི་སུའུ་ལའེ་མན་ལ་གཟེངས་རྟགས་གནང་།

ཟླ7པའི་ཚེས1ཉིན་གྱི་སྔ་དྲོར། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར105ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་གཟབ་རྒྱས་ངང་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས“བདུན་གཅིག་མཛད་རྗེས་གཟེངས་རྟགས”ཐོབ་མཁན་ཝུའུ་ཧ་སི་སུའུ་ལའེ་མན་ལ་གཟེངས་རྟགས་གནང་།

ཟླ7པའི་ཚེས1ཉིན་གྱི་སྔ་དྲོར། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར105ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་གཟབ་རྒྱས་ངང་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས“བདུན་གཅིག་མཛད་རྗེས་གཟེངས་རྟགས”ཐོབ་མཁན་ཝུའུ་ཡ་ཆིན་ལ་གཟེངས་རྟགས་གནང་།

ཟླ7པའི་ཚེས1ཉིན་གྱི་སྔ་དྲོར། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར105ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་གཟབ་རྒྱས་ངང་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས“བདུན་གཅིག་མཛད་རྗེས་གཟེངས་རྟགས”ཐོབ་མཁན་ཝུའུ་ཡ་ཆིན་ལ་གཟེངས་རྟགས་གནང་།

ཟླ7པའི་ཚེས1ཉིན་གྱི་སྔ་དྲོར། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར105ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་གཟབ་རྒྱས་ངང་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས“བདུན་གཅིག་མཛད་རྗེས་གཟེངས་རྟགས”ཐོབ་མཁན་ཀྲའོ་ཡ་ཧྥུའུ་ལ་གཟེངས་རྟགས་གནང་།

ཟླ7པའི་ཚེས1ཉིན་གྱི་སྔ་དྲོར། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར105ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་གཟབ་རྒྱས་ངང་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས“བདུན་གཅིག་མཛད་རྗེས་གཟེངས་རྟགས”ཐོབ་མཁན་ཀྲའོ་ཡ་ཧྥུའུ་ལ་གཟེངས་རྟགས་གནང་།

ཟླ7པའི་ཚེས1ཉིན་གྱི་སྔ་དྲོར། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར105ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་གཟབ་རྒྱས་ངང་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས“བདུན་གཅིག་མཛད་རྗེས་གཟེངས་རྟགས”ཐོབ་མཁན་ཀྲུང་ཅེའོ་ལ་གཟེངས་རྟགས་གནང་།

ཟླ7པའི་ཚེས1ཉིན་གྱི་སྔ་དྲོར། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར105ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་གཟབ་རྒྱས་ངང་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས“བདུན་གཅིག་མཛད་རྗེས་གཟེངས་རྟགས”ཐོབ་མཁན་ཀྲུང་ཅེའོ་ལ་གཟེངས་རྟགས་གནང་།

རྔམ་བརྗིད་ཀྱི《མེས་རྒྱལ་གྱི་དཔའ་བོར་གུས་འདུད་ཞུ》ཅེས་པའི་རོལ་དབྱངས་ཁྲོད། ཞི་ཅིན་ཕིང་གིས“བདུན་གཅིག་མཛད་རྗེས་གཟེངས་རྟགས”ཐོབ་མཁན་རེ་རེ་ལ་གཟེངས་རྟགས་གནང་བ་མ་ཟད། ཁོ་ཚོ་དང་བྱམས་བརྩེའི་ངང་ཕྱག་འཇུ་གནང་ནས་རྟེན་འབྲེལ་ཞུས། དེའི་རྗེས། “བདུན་གཅིག་མཛད་རྗེས་གཟེངས་རྟགས”ཐོབ་མཁན་རྣམས་ཀྲུའུ་ཞི་སྟེགས་བུའི་སྟེང་བཞུགས་པར་གདན་ཞུ་བྱས། ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲས་ཁེངས།

ཚའེ་ཆི་ཡིས《ཀྲུང་གུང་ཀྲུང་དབྱང་གི་རྒྱལ་ཡོངས་ཕུལ་བྱུང་གུང་ཁྲན་ཏང་ཡོན་དང་རྒྱལ་ཡོངས་ཕུལ་བྱུང་ལས་དོན་ལས་བྱེད་པ། རྒྱལ་ཡོངས་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་བཅས་ལ་གཟེངས་བསྟོད་བྱེད་པའི་ཆོད་དོན》སྒྲོག་འདོན་བྱས།

ཟླ7པའི་ཚེས1ཉིན་གྱི་སྔ་དྲོར། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར105ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་གཟབ་རྒྱས་ངང་འཚོགས། འདི་ནི་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་མི་སྣས་གཟེངས་རྟགས་ཐོབ་པའི་རྒྱལ་ཡོངས་ཀྱི“ཕུལ་བྱུང་གཉིས་དང་སྔོན་ཐོན་གཅིག”གི་འཐུས་མིར་གཟེངས་རྟགས་གནང་བའི་ཚུལ་རེད།

ཟླ7པའི་ཚེས1ཉིན་གྱི་སྔ་དྲོར། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར105ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་གཟབ་རྒྱས་ངང་འཚོགས། འདི་ནི་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་མི་སྣས་གཟེངས་རྟགས་ཐོབ་པའི་རྒྱལ་ཡོངས་ཀྱི“ཕུལ་བྱུང་གཉིས་དང་སྔོན་ཐོན་གཅིག”གི་འཐུས་མིར་གཟེངས་རྟགས་གནང་བའི་ཚུལ་རེད།

ཟླ7པའི་ཚེས1ཉིན་གྱི་སྔ་དྲོར། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར105ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་གཟབ་རྒྱས་ངང་འཚོགས། འདི་ནི་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་མི་སྣས་གཟེངས་རྟགས་ཐོབ་པའི་རྒྱལ་ཡོངས་ཀྱི“ཕུལ་བྱུང་གཉིས་དང་སྔོན་ཐོན་གཅིག”གི་འཐུས་མིར་གཟེངས་རྟགས་གནང་བའི་ཚུལ་རེད།

ཟླ7པའི་ཚེས1ཉིན་གྱི་སྔ་དྲོར། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར105ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་གཟབ་རྒྱས་ངང་འཚོགས། འདི་ནི་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་མི་སྣས་གཟེངས་རྟགས་ཐོབ་པའི་རྒྱལ་ཡོངས་ཀྱི“ཕུལ་བྱུང་གཉིས་དང་སྔོན་ཐོན་གཅིག”གི་འཐུས་མིར་གཟེངས་རྟགས་གནང་བའི་ཚུལ་རེད།

ཟླ7པའི་ཚེས1ཉིན་གྱི་སྔ་དྲོར། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར105ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་གཟབ་རྒྱས་ངང་འཚོགས། འདི་ནི་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་མི་སྣས་གཟེངས་རྟགས་ཐོབ་པའི་རྒྱལ་ཡོངས་ཀྱི“ཕུལ་བྱུང་གཉིས་དང་སྔོན་ཐོན་གཅིག”གི་འཐུས་མིར་གཟེངས་རྟགས་གནང་བའི་ཚུལ་རེད།

ཞི་ཅིན་ཕིང་སོགས་ཀྱིས་གཟེངས་རྟགས་ཐོབ་པའི་རྒྱལ་ཡོངས་ཀྱི“ཕུལ་བྱུང་གཉིས་དང་སྔོན་ཐོན་གཅིག”གི་འཐུས་མིར་གཟེངས་རྟགས་གནང་།

ཟླ7པའི་ཚེས1ཉིན་གྱི་སྔ་དྲོར། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར105ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་གཟབ་རྒྱས་ངང་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་།

ཚོགས་ར་ཡོངས་ཀྱི་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ་རེད། ཁོང་གིས་བསྟན་དོན། དེ་རིང་ང་ཚོས་འདུ་འཛོམས་གཟབ་རྒྱས་སྤེལ་ནས། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར105ལོན་པར་རྟེན་འབྲེལ་ཞུ་བ་དང་། རང་རེའི་ཏང་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་འཕེལ་རིམ་ལ་ཕྱིར་མིག་དང་། ཏང་དང་མི་དམངས་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་འོད་སྟོང་འཕྲོ་བའི་མདུན་ལམ་ལ་རྒྱང་ལྟ་བྱས་ཏེ། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་སྐུལ་སློང་བྱས་ནས་ཡིད་ཆེས་ཀྱིས་ཁེངས་པའི་སྒོ་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཁྱོན་ཡོངས་ནས་བསྐྲུན་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་རླབས་ཆེའི་དམིགས་འབེན་ཆེད་དུ་འབད་འབུངས་མདུན་སྐྱོད་བྱེད་དགོས། ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས། ཀྲུང་གོ་གུང་ཁྲན་ཏང་ཡོན་ཡོངས་ལ་དུས་ཆེན་གྱི་འཚམས་འདྲི་ཞུས་པ་དང་། “བདུན་གཅིག་མཛད་རྗེས་གཟེངས་རྟགས”ཐོབ་མཁན་དང་། གཟེངས་བསྟོད་ཐོབ་པའི་རྒྱལ་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་དང་། ཕུལ་བྱུང་ཏང་དོན་ལས་བྱེད་པ། སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་བཅས་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས། 

ཞི་ཅིན་ཕིང་གིས་བསྟན་དོན། ལོ་ངོ105ཡི་སྔོན་དུ། ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་གོ་རྟོགས་སད་པའི་ཁྲོད་དང་། མར་ཁེ་སི་ལེ་ཉིན་རིང་ལུགས་དང་ཀྲུང་གོའི་བཟོ་པའི་ལས་འགུལ་ཟུང་འབྲེལ་དམ་ཟབ་བྱེད་པའི་ཁྲོད། ཀྲུང་གོའི་གུང་ཁྲན་ཏང་དངོས་སུ་དབུ་བརྙེས་པ་རེད། དུས་དེ་ནས་བཟུང་། ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ལ་བློས་འགེལ་ཆོག་པའི་སྲོག་ཤིང་ཡོད་པ་དང་། ནང་རྩོད་ཕྱི་འཁྲུག་དང་དབུལ་ཕོངས་ཉམས་ཞན་གྱི་ཀྲུང་གོར་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་ལོ་རྒྱུས་ཀྱི་འགྱུར་ལྡོག་ཆེན་པོ་བྱུང་ཡོད། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ལོ་ངོ105ཡི་རིང་། རང་རེའི་ཏང་གིས་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ། འབད་འཐབ་ལྷོད་མེད་བྱས་ནས་དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེ་དང་། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན། བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ཀྱི་རླབས་ཆེན་གྲུབ་འབྲས་གསར་གཏོད་བྱས་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་ཁ་ཤས་ཀྱི་ལོ་རྒྱུས་ཐོག་བརྗིད་ཉམས་ཆེ་ཤོས་ཀྱི་ལོ་རྒྱུས་ཀྱི་སྙན་ངག་བརྩམས་ཡོད། ལོ་ངོ105རིང་འབད་འཐབ་ལྷོད་མེད་བྱས་པ་དེས་ཀྲུང་གོ་མི་དམངས་ཀྱི་མདུན་ལམ་དང་ལས་དབང་ལ་རྩ་བའི་ཐོག་ནས་འགྱུར་ལྡོག་བྱུང་བ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་ཡང་དག་པའི་བགྲོད་ལམ་བཏོད་དེ། མར་ཁེ་སིའི་རིང་ལུགས་ཀྱི་གསོན་ཤུགས་ཆེན་པོ་མངོན་པ་དང་། འཛམ་གླིང་གི་ལོ་རྒྱུས་འཕེལ་རིམ་ལ་ཤུགས་རྐྱེན་གཏིང་ཟབ་ཐེབས་ཤིང་། སྟོབས་ལྡན་གྱི་ཀྲུང་གོ་གུང་ཁྲན་ཏང་གསར་སྐྲུན་བྱས་ཡོད། ང་ཚོའི་ཏང་ནི་རླབས་ཆེན་དང་གཟི་བརྗིད་ལྡན་པའི་ཡང་དག་པའི་ཏང་ཞིག་ཡིན་པར་ངོ་གནོང་མི་དགོས་པ་ཞིག་ཡིན།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་གིས་ལོ་ངོ105ཡི་འབད་འཐབ་ཁྲོད་ཟམ་མི་ཆད་པར་འོད་སྟོང་བསྐྲུན་ཐུབ་པ་དང་། ལོ་རྒྱུས་དང་མི་དམངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གདམ་ག་བྱེད་དོན་ནི། ང་ཚོའི་ཏང་ལ་སྲིད་ཏང་དང་ཆབ་སྲིད་སྟོབས་ཤུགས་གཞན་དག་གིས་འགྲན་ཟླ་བྲལ་བའི་ཁྱད་ཆོས་ཕུལ་བྱུང་ལྡན་པས་རེད། ང་ཚོའི་ཏང་གིས་བདེན་དོན་དོན་གཉེར་དང་། ཐོག་མཐའ་བར་གསུམ་དུ་མདུན་སྐྱོད་ཀྱི་ཁ་ཕྱོགས་ཡང་དག་པར་འཛིན་པ། མི་དམངས་ལ་རྩ་བ་གཏིང་ཟབ་ཚུགས་པ་དང་ཐོག་མཐའ་བར་གསུམ་དུ་རྨང་གཞི་བརྟན་པོ་ལྡན་པ། ལོ་རྒྱུས་ཀྱི་ལས་འགན་འཁུར་ཕོད་པ་དང་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་རང་འགུལ་ཁོང་དུ་ཆུད་པ། འཕེལ་རྒྱས་ཀྱི་རླབས་རྒྱུན་དང་བསྟུན་པ་དང་ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་མདུན་གྲལ་དུ་བསྐྱོད་པ། འཐབ་རྩོད་བྱེད་མཁས་པ་དང་ཐོག་མཐའ་བར་གསུམ་དུ་རྒྱལ་ཁ་ཐོབ་ངེས་ཀྱི་ཡིད་ཆེས་རྒྱུན་འཁྱོངས་བྱེད་པ། རང་ཉིད་སྟོབས་སྟོབས་ལྡན་གཙིགས་སུ་འཛིན་པ་དང་ཐོག་མཐའ་བར་གསུམ་དུ་སྐྱེ་སྟོབས་གསོན་ཤུགས་ཀྱིས་ཁེངས་པ་བཅས་བྱས་ཡོད། ང་ཚོས་དོན་དངོས་གསར་པ་དང་ཟུང་འབྲེལ་བྱས་ཏེ། ཏང་གི་ཕུལ་བྱུང་ཁྱད་ཆོས་རྒྱུན་ཆད་མེད་པར་དར་སྤེལ་གཏོང་དགོས་པ་དང་། ནམ་ཡང་ཏང་གི་ངོ་བོ་དང་ཁ་དོག་དང་བྲོ་བ་མི་འགྱུར་བ་དང་། ཐོག་མཐའ་བར་གསུམ་དུ་སྟོབས་ཆེའི་གསར་སྐྲུན་ནུས་པ་དང་གཅིག་སྒྲིལ་ནུས་པ། འཐབ་རྩོད་ནུས་པ་ལྡན་པར་ཁག་ཐེག་བྱེད་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དུས་རབས་གསར་པ་དང་རྒྱང་སྐྱོད་གསར་པའི་ཏང་གི་ལས་འགན་དང་ལས་འགན་མངོན་འགྱུར་ཡོང་བར་ཀྲུང་གོ་གུང་ཁྲན་ཏང་མི་ཡོངས་ཀྱིས་ཡིད་ཆེས་བརྟན་པོ་དང་མུ་མཐུད་འབད་འཐབ་བྱས་ཏེ། དུས་རབས་དང་མི་དམངས་ལ་ངོ་གནོང་མི་དགོས་པའི་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་པའི་བླང་བྱ་བཏོན་ཡོད། ཡིད་ཆེས་བརྟན་པོ་དང་མུ་མཐུད་འབད་འཐབ་བྱེད་པར་ངེས་པར་དུ་ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་ཐབས་ཇུས་བཅས་མཐའ་འཁྱོངས་དང་། ཏང་གིས་ཁྱོན་ཡོངས་ལ་མགོ་ཁྲིད་དང་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་མགོ་ཁྲིད་མཐའ་འཁྱོངས་བྱེད་པ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོང་ས་པ་ལག་བསྟར་གཏིང་ཟབ་བྱེད་པ། བགྲོད་ལམ་དང་རིགས་པའི་གཞུང་ལུགས། ལམ་ལུགས། རིག་གནས་བཅས་ལ་ཡིད་ཆེས་བརྟན་པོ་བྱེད་པ། སྔ་འཛིན་ཕྱི་གཏོད་དང་བདེན་སྲུང་གསར་གཏོད་བཅས་བྱས་ཏེ། ཟང་ཟིང་གིས་གཞུང་དྲང་མི་སྒྲིབ་པ་དང་དཀའ་སྡུག་གིས་ཁ་ཕྱོགས་མི་འཆོར་བར་བྱེད་དགོས། ངེས་པར་དུ་མི་དམངས་ལ་དམ་པོར་བརྟེན་ནས་ལོ་རྒྱུས་ཀྱི་བྱ་གཞག་རླབས་ཆེན་གསར་སྐྲུན་བྱེད་པ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་བསྟར་བ། མི་དམངས་དུང་ཕྱུར་མང་པོའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན། གསར་གཏོད་རང་བཞིན་ལ་སྐུལ་སློང་གང་ལེགས་བྱེད་པ།“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ལ་གཅིག་གྱུར་འཆར་འགོད་དང་སྐུལ་འདེད་གཏོང་བ་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་གནད་ལ་འཁེལ་བའི་སྒོ་ནས་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་ངང་གཏོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱེད་དགོས། ངེས་པར་དུ་མདུན་སྐྱོད་བགྲོད་ལམ་ཐོག་གི་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་ཧུར་ཐག་འཇལ་དགོས་པ་དང་། སེམས་ཁྲལ་གྱི་འདུ་ཤེས་གཏིང་ཟབ་ཏུ་གཏོང་བ་དང་མ་མཐའི་མཚམས་ཐིག་གི་བསམ་གཞིགས་རྒྱུན་འཁྱོངས་བྱེད་པ། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ། སྔར་ལས་ལྷག་པར་རྒྱལ་ནང་དང་རྒྱལ་སྤྱིའི་ཁྱོན་ཡོངས་གཉིས་ལ་གཅིག་གྱུར་འཆར་འགོད་བྱས་ཏེ་འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱེད་དགོས། ངེས་པར་དུ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་རྒྱུན་མཐུད་ངང་སྐུལ་འདེད་བཏང་ནས། ཞི་བདེ་དང་འཕེལ་རྒྱས། མཉམ་ལས། མཉམ་རྒྱལ་བཅས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ཏེ། མིའི་རིགས་ཡོངས་ཀྱི་ཐུན་མོང་རིན་ཐང་དར་སྤེལ་གཏོང་བ་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་གཞི་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་གཞི། གོ་ལ་ཧྲིལ་པོའི་དཔལ་ཡོན་གྱི་གྲོས་གཞི། གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་གྲོས་གཞི་བཅས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་ནས། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་དྲང་ནུས་དེ་བས་མང་པོ་བསྣོན་དགོས། ངེས་པར་དུ་ཕྱོགས་ཡོངས་ནས་ཏང་གཟབ་ནན་ངང་སྐྱོང་བར་རྒྱུན་འཁྱོངས་ལྷོད་མེད་ངང་སྐུལ་འདེད་གཏོང་བ་དང་། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། ཕྱོགས་ཡོངས་ནས་ཏང་གཟབ་ནན་ངང་སྐྱོང་བའི་མ་ལག་འཐུས་ཚང་དུ་གཏོང་བ། ཏང་གི་ཆབ་སྲིད་འཛུགས་སྐྱོང་གིས་སྤྱི་འདོམས་བྱས་ཏེ་ཏང་གི་ཕྱོགས་གང་ཅིའི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འགག་སྒྲོལ་དམག་འཐབ་དང་རྒྱུན་སྲིང་དམག་འཐབ་ཀྱི་སྤྱི་ཡོངས་དམག་འཐབ་མཐའ་གཅིག་ཏུ་ཡག་པོར་རྒྱག་པ། ཏང་གི་ཆབ་སྲིད་མགོ་ཁྲིད་ནུས་པ་དང་། བསམ་བློའི་སྣེ་ཁྲིད་ནུས་པ། མང་ཚོགས་རྩ་འཛུགས་ནུས་པ། སྤྱི་ཚོགས་འབོད་སྐུལ་ནུས་པ་བཅས་རྒྱུན་མཐུད་ངང་ཇེ་དྲག་ཏུ་གཏོང་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། རྒྱལ་ཁབ་སྟོབས་ལྡན་དུ་འགྱུར་བར་ངེས་པར་དུ་དམག་དཔུང་སྟོབས་ལྡན་དང་། དམག་དཔུང་སྟོབས་ཆེར་སོང་ན་གཞི་ནས་རྒྱལ་ཁབ་བདེ་འཇགས་ཡོང་ཐུབ། ངེས་པར་དུ་དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཏང་གིས་མི་དམངས་དམག་དཔུང་ལ་མགོ་ཁྲིད་མཐའ་འཁྱོངས་བྱེད་པ། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་དང་སྒྱུར་བཅོས་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། ཚན་རྩལ་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། ཤེས་ལྡན་མི་སྣར་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། ཁྲིམས་ལྟར་དམག་དཔུང་བཅོས་སྐྱོང་བྱེད་པ་བཅས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། སྤུས་ཚད་མཐོ་བའི་སྒོ་ནས་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་བཅས་ཀྱི་སྒོ་ནས་དུས་བཅད་ལྟར་དམག་དཔུང་བཙུགས་ནས་ལོ་འཁོར་ལོ་བརྒྱ་ལོན་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་། མགྱོགས་མྱུར་ངང་མི་དམངས་དམག་དཔུང་དེ་འཛམ་གླིང་གི་དམག་དཔུང་རྩེ་གྲར་འཛུགས་སྐྲུན་བྱེད་དགོས། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཞང་ཀང་དང་ཨའོ་མོན་ཡུན་རིང་དར་རྒྱས་བརྟན་ལྷིང་ཡོང་བར་སྐུལ་འདེད་གཏོང་རྒྱུ་ནི་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ནང་གནས་ཀྱི་བླང་བྱ་ཞིག་རེད། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དང་། “ཞང་ཀང་བས་ཞང་ཀང་སྐྱོང་བ།” “ཨའོ་མོན་བས་ཨའོ་མོན་སྐྱོང་བ།” ཚད་མཐོའི་རང་སྐྱོང་བཅས་ཀྱི་བྱེད་ཕྱོགས་ཕྱོགས་ཡོངས་དང་གནད་ལ་འཁེལ་ཞིང་བློ་བརྟན་འགྱུར་མེད་ཀྱིས་ལག་བསྟར་བྱས་ཏེ། ཞང་ཀང་དང་ཨའོ་མོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཞང་ཀང་དང་ཨའོ་མོན་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་འདྲེས་བར་བྱེད་པར་རྒྱབ་སྐྱོར་བྱེད་དགོས། 

ཞི་ཅིན་ཕིང་གིས་བསྟན་དོན། ཐའེ་ཝན་གྱི་གནད་དོན་ཐག་གཅོད་དང་མེས་རྒྱལ་རྦད་དེ་གཅིག་གྱུར་ཡོང་བར་བྱ་རྒྱུ་ནི་ང་ཚོའི་ཏང་གི་བློ་རྩ་འགྱུར་མེད་ཀྱི་ལོ་རྒྱུས་ལས་འགན་ཞིག་དང་ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱི་ཐུན་མོང་གི་རེ་འདུན་ཞིག་རེད། དུས་རབས་གསར་པའི་ཏང་གིས་ཐའེ་ཝན་གྱི་གནད་དོན་ཐག་གཅོད་བྱེད་པའི་སྤྱིའི་ཐབས་ཇུས་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཀྲུང་གོ་གཅིག་གི་རྩ་དོན་དང“དགུ་གཉིས་ཐུན་མོང་ངོས་འཛིན”མཐའ་འཁྱོངས་བྱེད་པ། རྒྱ་ཆེའི་སྤུན་ཟླ་ཐའེ་ཝན་པར་མཐུན་སྒྲིལ་བྱེད་པ། ངོགས་གཉིས་ཀྱི་སྤེལ་རེས་མཉམ་ལས་དང་མཉམ་འདྲེས་འཕེལ་རྒྱས་ཟབ་སྤེལ་བྱེད་པ། “ཐའེ་ཝན་རང་བཙན”གྱི་ཁ་ཕྲལ་སྟོབས་ཤུགས་ལ་རྡུང་རྡེག་མཐའ་གཅིག་ཏུ་གཏོང་བ། ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ཐེ་གཏོགས་བྱེད་པར་ངོ་རྒོལ་བྱེད་པ་བཅས་བྱས་ནས་མཐའ་གཅིག་ཏུ་མེས་རྒྱལ་གཅིག་གྱུར་གྱི་རླབས་ཆེའི་ལས་དོན་ལ་སྐུལ་འདེད་གཏོང་དགོས། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། གཞོན་ནུ་ནི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་སྟོབས་ཤུགས་གསར་པ་ཞིག་རེད། ཏང་ཡོངས་ཀྱིས་གཞོན་ནུ་ལ་མཐོང་ཆེན་དང་། གཞོན་ནུ་ལ་སེམས་ཁུར། གཞོན་ནུ་ལ་རྒྱབ་སྐྱོར་བཅས་བྱས་ནས། གཞོན་ནུ་འཚར་ལོངས་དང་ཤེས་ལྡན་མི་སྣར་འགྱུར་བར་ཆ་རྐྱེན་བསྐྲུན་དགོས། དུས་རབས་གསར་པའི་ཀྲུང་གོའི་གཞོན་ནུ་ཚོས་བློ་བརྟན་འགྱུར་མེད་ངང་ཏང་གི་སྐད་ཆར་ཉན་པ་དང་ཏང་གི་རྗེས་སུ་འབྲངས་ནས་ཕུགས་འདུན་ཆེན་པོ་བཅངས་ཏེ། དུས་རབས་ཀྱི་ལས་འགན་ལྕི་མོ་སྤོབས་པ་ཆེན་པོས་ཕྲག་ཏུ་འཁུར་ནས་རྒྱང་སྐྱོད་གསར་པའི་ཐོག་ལོ་རྒྱུས་ཀྱི་མཐུད་རྒྱུག་འགྲན་བསྡུར་ཡག་པོ་བྱས་ཏེ། ལང་ཚོས་བགྲོད་ལམ་བསྐྲུན་པ་དང་ཕུགས་བསམ་ལ་འོད་སྣང་འཚེར་བར་བྱེད་དགོས། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་གི་ལོ་ངོ105ཡི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལ་མི་རྣམས་སྤོབས་པ་སྐྱེ་འོས་པ་ཞིག་ཡོད་མོད། འོན་ཀྱང་ང་ཚོས་ང་རྒྱལ་ཁེངས་དྲེགས་དང་གོམ་སྟབས་མཚམས་འཇོག་པ་བཅས་གཏན་ནས་བྱེད་མི་རུང་། དུས་རབས་འདིའི་དུས་དཀྱིལ་དུ་བསླེབས་དུས། ང་ཚོས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་སྒོ་ཀུན་ནས་འཛུགས་སྐྲུན་དང་། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱ་དགོས། ཏང་ཡོངས་ཀྱི་བློ་མཐུན་ཚོས་ངེས་པར་དུ་ཐོག་མའི་བསམ་འདུན་མི་བརྗེད་པ་དང་། ལས་འགན་བློ་ལ་བརྟན་པོར་ངེས་ནས། ངེས་པར་དུ་ཁེངས་སྐྱུང་གཟབ་ནན་དང་དཀའ་སྤྱད་འབད་བརྩོན་བྱེད་པ་དང་། ངེས་པར་དུ་འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པ། རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ལ་རྒྱབ་བརྟེན་དང་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། རྒྱང་སྐྱོད་ལམ་བུ་གསར་པར་འབད་པས་བསྐྱོད་པ་དང་དུས་རབས་གསར་པར་བྱས་རྗེས་བཞག་ནས། ནུས་ཤུགས་ཡོད་རྒུས་འོད་སྟོང་འཕྲོ་བའི་ལོ་རྒྱུས་གསར་པ་བསྐྲུན་དགོས།

ལི་ཆང་གིས་ཚོགས་ཆེན་ལ་མགོ་འཛིན་གནང་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་ལོ་ངོ105རིང་གི་ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་བསྐྱོད་པའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ལམ་བུ་དང་གསར་གཏོད་བྱས་པའི་རླབས་ཆེན་གྲུབ་འབྲས་ལ་ཕྱོགས་ཡོངས་ནས་ཕྱིར་དྲན་དང་ཕྱོགས་སྡོམ་བྱས་པ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་འོད་སྟོང་འཕྲོ་བའི་ཁྱད་གཤིས་ཟམ་མི་ཆད་པར་གཏོད་ཐུབ་པའི་རྒྱུ་མཚན་གསལ་སྟོན་གཏིང་ཟབ་བྱས་ལ། རྒྱང་སྐྱོད་གསར་པའི་ཐོག་ཀྲུང་གོ་གུང་ཁྲན་ཏང་མི་ཡོངས་ཀྱིས་ཡིད་ཆེས་བརྟན་པོ་དང་མུ་མཐུད་འབད་འཐབ་བྱེད་པར་བླང་བྱ་ཁ་གསལ་བཏོན་ཞིང་། ཏང་ཡོངས་ལ་ནུས་ཤུགས་ཡོད་རྒུས་ལོ་རྒྱུས་ཀྱི་འོད་སྟོང་འཕྲོ་བའི་ལམ་བུ་གསར་པ་གཏོད་དགོས་པའི་རླབས་ཆེན་འབོད་སྐུལ་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནི་མཐོང་རྒྱ་ཡངས་པ་དང་། བསམ་བློ་གཏིང་ཟབ་པ། ནང་དོན་ཕུན་སུམ་ཚོགས་པ་བཅས་ཡིན་པས། དུས་རབས་གསར་པ་དང་རྒྱང་སྐྱོད་གསར་པར་ཏང་གི་ལྟེ་བའི་ལས་འགན་མངོན་འགྱུར་ཡོང་བར་སྔར་བས་ཁ་ཕྱོགས་གསལ་སྟོན་དང་བརྩི་སྲུང་མཁོ་འདོན་བྱས་ཡོད། ཏང་ཡོངས་ཀྱི་བློ་མཐུན་ཚོས་སློབ་སྦྱོང་དང་གོ་བ་ནན་ཏན་བླངས་ནས། གསུང་བཤད་ཀྱི་དགོངས་དོན་ལས་དོན་ཁག་ནང་ལག་བསྟར་དོན་འཁྱོལ་ཏན་ཏིག་བྱེད་པ་དང་། ཏང་འཛུགས་སྐྱོང་གི་སྙིང་སྟོབས་རླབས་ཆེན་དར་སྤེལ་གཏོང་བ། ཐོག་མའི་བསམ་འདུན་དང་ལས་འགན་ལག་ལེན་བསྟར་བ་བཅས་ཀྱི་སྒོ་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་ཆེན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བར་འབད་འབུངས་ལྷོད་མེད་བྱེད་དགོས།

ཚོགས་འདུའི་ཐོག“བདུན་གཅིག་མཛད་རྗེས་གཟེངས་རྟགས”ཐོབ་མཁན་གྱི་འཐུས་མིའམ་ཅི་ལིན་ཞིང་ཆེན་ཁྲང་ཁྲུན་གྲོང་ཁྱེར་ཁོན་ཁྲེང་ཆུས་ཁྲང་ཧྲན་མེ་ཏོག་ལྡུམ་རའི་སྡེ་ཁུལ་ཏང་ཨུའི་ཧྲུའུ་ཅི་དང་པོ་ཝུའུ་ཡ་ཆིན་གྱིས་གཏམ་བཤད་གནང་། 

ཚོགས་ཆེན་བརྗིད་ཉམས་ལྡན་པའི《རྒྱལ་སྤྱིའི་གླུ་གཞས》ཀྱི་དབྱངས་རྟའི་ཁྲོད་མཇུག་སྒྲིལ། 

པེ་ཅིན་དུ་ཡོད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་གཞོན་པ། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། རྒྱལ་སྲིད་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བཅས་ཚོགས་ཆེན་ལ་ཞུགས།

ཀྲུང་དབྱང་ཏང་སྲིད་དམག་དམངས་ཀྱི་སྡེ་ཚན་སོ་སོ་དང་པེ་ཅིན་གྲོང་ཁྱེར་གྱི་འགན་འཁུར་བློ་མཐུན་གཙོ་བོ། དམངས་གཙོའི་ཏང་ཤོག་སོ་སོའི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི། “བདུན་གཅིག་མཛད་རྗེས་གཟེངས་རྟགས”ཐོབ་མཁན་གྱི་གཉེན་ཉེའི་འཐུས་མི་དང་གནས་ཡུལ་ལས་ཁུངས་ཀྱི་འཐུས་མི། དེ་སྔའི་མཛད་རྗེས་གཟེངས་རྟགས་ཐོབ་མཁན་གྱི་འཐུས་མི། ཏང་ཡོན་རྒན་པ་དང་ལས་བྱེད་པ་རྒན་པའི་འཐུས་མི། གཟེངས་བསྟོད་ཐོབ་པའི་རྒྱལ་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་དང་ཕུལ་བྱུང་ཏང་དོན་ལས་བྱེད་པ། སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་ཀྱི་འཐུས་མི། ཀྲུང་གོར་ལས་ཀ་བྱེད་མཁན་ཕྱི་རྒྱལ་གྱི་ཆེད་མཁས་པའི་འཐུས་མི། རྒྱལ་སའི་གཞི་རིམ་ཏང་ཡོན་དང་ལས་རིགས་སོ་སོའི་མང་ཚོགས་ཀྱི་འཐུས་མི། པེ་ཅིན་དུ་སྡོད་པའི་དམག་དཔུང་གི་དམག་མིའི་འཐུས་མི་སོགས་མི3000ལྷག་ཚོགས་ཆེན་ལ་ཞུགས་ཡོད། །

གོང་མ།:བོད་རང་སྐྱོང་ལྗོངས་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས》སློབ་སྦྱོང་དང་དྲིལ་སྒྲོག་ལག་བསྟར་བྱེད་པའི་དཔེ་སྟོན་སྒྲོག་འགྲེལ་ཚོགས་འདུ་འཚོགས་པ།

ཞོལ་མ།:བོད་བྱང་ཐང་རང་བྱུང་སྲུང་སྐྱོང་ཁུལ་ཉི་མ་རྫོང་གི་སྲོག་ཆགས་གཙོད་ཀྱི་གྲངས་འབོར་ཁྲི20ལས་བརྒལ།