པར་རིས་གསར་འགྱུར།
 

ཀྲའོ་ལེ་ཅི་ཡིས་ཧྥུའུ་ཅན་དུ་རྟོག་ཞིབ་དང་ཁྲིམས་བསྟར་ཞིབ་བཤེར་སྤེལ་བ།

ཡོང་ཁུངས།:​ཀྲུང་གོ་བོད་ཀྱི་དྲ་བ།  སྤེལ་དུས།:2025-05-12  རྩོམ་པ་པོ།:ཞིན་ཧྭ་དྲ་བ།  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:



ཟླ5པའི་ཚེས7ཉིན་ནས་ཚེས9ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནམ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་ཟླཧྥུའུ་ཅན་དུ་རྟོག་ཞིབ་གནང་། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནམ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་ཟླ5པའི་ཚེས7ཉིན་ནས་ཚེས9ཉིན་བར་ཧྥུའུ་ཅན་དུ་རྟོག་ཞིབ་གནང་། ཁོང་གིས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་དང་། ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་དང་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ། ཁྱོན་ཡོངས་ལ་དམིགས་པ་དང་ཁྲིམས་ལྟར་འགན་འཁྲི་སྒྲུབ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་དམངས་ཆེན་གྱི་བྱས་རྗེས་འཇོག་དགོས།

ཀྲའོ་ལེ་ཅི་སྔ་རྗེས་སུ་ནན་ཕེན་དང་ཧྥུའུ་ཀྲོའུ་རུ་དམངས་ཆེན་འཐུས་མིའི་མང་ཚོགས་འབྲེལ་གཏུག་བྱ་འགུལ་ཁང་དང་ཁེ་ལས། ཞིང་སྡེ་དང་ཞིང་ཁྱིམ་དུ་ཕེབས་ནས་དམངས་ཆེན་འཐུས་མི་དང་མང་ཚོགས་དང་བརྗེ་རེས་མཛད་པ་དང་། དམངས་ཆེན་བྱ་བར་ཤུགས་སྣོན་དང་ལེགས་སྒྱུར་བྱེད་པ་དང་། ཁྲིམས་སྐྱོང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཐད་ཀྱི་བསམ་འཆར་དང་གྲོས་གཞིར་ཉན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལས་ཁུངས་སུ་རྟོག་ཞིབ་མཛད་ཅིང་། ལས་ཁུངས་ཀྱི་ལས་བྱེད་མི་སྣར་འཚམས་འདྲི་གནང་བར་མ་ཟད་མགོ་འཛིན་མཛད་དེ་བཞུགས་མོལ་ཚོགས་འདུ་བསྡུས།

ཀྲའོ་ལེ་ཅི་ཡིས་ནན་གྱིས་བསྟན་དོན། ཏང་གིས་དམངས་ཆེན་བྱ་བའི་ཁྱོན་ཡོངས་ལ་མགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་དང་། བདེན་སྲུང་གསར་གཏོད་དང་དངོས་ཐོག་བདེན་འཚོལ། དམངས་ཆེན་བྱ་བའི་ཆོས་ཉིད་བརྩི་སྲུང་དང་ཁོང་དུ་ཆུད་པར་བྱེད་པ། ཁྲིམས་འཛུགས་དང་ལྟ་སྐུལ། འཐུས་མི་སོགས་ཀྱི་བྱ་བ་ནུས་ལྡན་ངང་ལེགས་པོར་བསྒྲུབ་ནས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་བཅོས་སྒྱུར་མཁྲེགས་གཏོར་ལས་འགན་ལ་རོགས་འདེགས་བྱེད་དགོས། དམངས་ཆེན་གྱི་འགན་འཁྲིར་རྐང་བཙུགས་ནས་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་གཏོང་བ་དང་། དམངས་ཆེན་གྱིས་ཁྱོན་ཡོངས་ནས་ནུས་ལྡན་ངང་བཅའ་ཁྲིམས་ཁྲིམས་ལུགས་ཀྱི་བྱེད་ནུས་གལ་ཆེན་དང་། དམངས་ཆེན་གྱི་ཁྲིམས་འཛུགས་བྱ་བའི་ཁྲོད་ཀྱི་གཙོ་ཁྲིད་ནུས་པ། དམངས་ཆེན་ལྟ་སྐུལ་གྱིས་ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་ཁྲོད་ཀྱི་བྱེད་ནུས་གལ་ཆེན་འདོན་སྤེལ་བྱེད་པར་ཁག་ཐེག་བྱེད་དགོས། དུས་རབས་གསར་པའི་བླང་བྱ་དང་བསྟུན་ནས་དམངས་ཆེན་གྱི་རང་ངོས་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པ་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམངས་ཆེན་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་ལག་བསྟར་བྱེད་པ་དེ་གཞི་རྩའི་ནུས་པ་དང་ངེས་སྦྱོང་སློབ་ཚན་དུ་བྱས་ཏེ། ལས་ཁུངས་བཞིའི་བླང་བྱ་དམངས་ཆེན་གྱི་རང་ངོས་འཛུགས་སྐྲུན་དང་འགན་སྒྲུབ་ལག་ལེན་ཁྲོད་ལག་བསྟར་དོན་འཁྱོལ་བྱེད་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་ནན་ཏན་གྱིས་སྤེལ་བ་དང་། བྱ་བའི་སྤྱོད་ཚུལ་གྱི་གྲུབ་འབྲས་གསར་པས་དམངས་ཆེན་གྱི་ཏང་གི་འཛུགས་སྐྲུན་དང་དམངས་ཆེན་བྱ་བ་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས། 

ཀྲའོ་ལེ་ཅི་ཡིས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་འཛིན་ཞིབ་བཤེར་ཚན་ཆུང་གི་སྣེ་ཁྲིད་ནས་ནགས་ཚལ་བཅའ་ཁྲིམས་ལག་བསྟར་གནས་ཚུལ་ལ་ཞིབ་བཤེར་གནང་བ་དང་། རྒྱལ་ཁབ་སྤྱི་གླིང་ཤེས་རིག་དོ་དམ་ལྟེ་གནས་དང་སྐྱེ་ཁམས་སྲུང་སྐྱོང་ལྟ་ཞིབ་ལྟེ་གནས། ནགས་ཁུལ་བཅས་སུ་ཡུལ་དངོས་ཞིབ་བཤེར་བྱས་ཤིང་། མགོ་འཛིན་གནང་སྟེ་བཞུགས་མོལ་ཚོགས་འདུ་བསྡུས་ནས་སྲིད་གཞུང་སྡེ་ཁག་དང་དམངས་ཆེན་འཐུས་མི། ནགས་ལས་ཆེད་མཁས་པ། འཐབ་ཕྱོགས་དང་པོའི་བྱ་བ་བསྒྲུབ་མཁན་བཅས་ཀྱི་བཅའ་ཁྲིམས་ལག་བསྟར་ལ་ཤུགས་སྣོན་བྱེད་པའི་སྐོར་གྱི་བསམ་འཆར་དང་གྲོས་གཞིར་ཉན། །

གོང་མ།:ཞི་ཅིན་ཕིང་གིས་ཁུ་པ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཏི་ཡ་སི་ཁ་ནེ་ཨེར་ལ་ཐུག་འཕྲད་གནང་བ།

ཞོལ་མ།:ཞི་ཅིན་ཕིང་ཅིན་པེན་དུ་འབྱོར་ནས་ཁམ་ཕུའུ་ཁྲེ་ལ་རྒྱལ་དོན་འཚམས་འདྲི་གནང་།