པར་རིས་གསར་འགྱུར།
 

ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆེད་དོན་སློབ་སྦྱོང་ཐེངས་བཅུ་བཞི་པར་མགོ་འཛིན་གནང་བ།

ཡོང་ཁུངས།:​ཀྲུང་གོ་བོད་ཀྱི་དྲ་བ།  སྤེལ་དུས།:2025-06-11  རྩོམ་པ་པོ།:ཞིན་ཧྭ་དྲ་བ།  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:


ཟླ6པའི་ཚེས9ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚན་རྩལ་གྲུབ་འབྲས་ཚུལ་སྒྱུར་གྱི་རྐྱེན་སྲོལ་བཅོས་སྒྱུར་ཟབ་མོ་བྱས་ནས། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཞེས་པ་བརྗོད་བྱར་བཟུང་སྟེ་ཆེད་དོན་སློབ་སྦྱོང་ཐེངས་བཅུ་བཞི་པ་སྤེལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་སློབ་སྦྱོང་ལ་མགོ་འཛིན་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ6པའི་ཚེས9ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚན་རྩལ་གྲུབ་འབྲས་ཚུལ་སྒྱུར་གྱི་རྐྱེན་སྲོལ་བཅོས་སྒྱུར་ཟབ་མོ་བྱས་ནས། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཞེས་པ་བརྗོད་དོན་དུ་བྱས་ཏེ་ཆེད་དོན་སློབ་སྦྱོང་ཐེངས་བཅུ་བཞི་པ་སྤེལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་སློབ་སྦྱོང་ལ་མགོ་འཛིན་མཛད་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་འབྲེལ་ཡོད་ཐབས་ཇུས་བཀོད་སྒྲིག་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་ཏེ། ཕྱོགས་མང་པོའི་སྟོབས་ཤུགས་མཉམ་འདོན་བྱས་པ་བརྒྱུད། ནུས་ཤུགས་ཡོད་རྒུས་ཚན་རྩལ་གྲུབ་འབྲས་ཚུལ་སྒྱུར་གྱི་བཀག་རྒྱ་སེལ་བ་དང་། ཚུལ་སྒྱུར་གྱི་ཕན་ནུས་ཇེ་མཐོར་བཏང་ནས། གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

འབྲི་ཆུའི་ཟུར་གསུམ་གླིང་རྒྱལ་ཁབ་ལག་རྩལ་གསར་གཏོད་ལྟེ་གནས་ཀྱི་ཀྲུའུ་རེན་ལིའུ་ཆིན་གྱིས་འགྲེལ་བཤད་བྱས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀོ་ཆིན་དང་ལིའུ་ཀོ་ཀྲུང་གིས་བརྗེ་རེས་གཏམ་བཤད་གནང་།

ལི་ཆང་གིས་འགྲེལ་བཤད་དང་བརྗེ་རེས་གཏམ་བཤད་ལ་གསན་རྗེས་བསྟན་དོན། ཚན་རྩལ་གྲུབ་འབྲས་ཚུལ་སྒྱུར་དེ་གསར་གཏོད་ཕྲེང་འབྲེལ་དང་ཐོན་ལས་ཕྲེང་འབྲེལ་ལ་འབྲེལ་ཡོད་ཅིང་། ཚན་རྩལ་གསར་གཏོད་ཀྱི་ཆེས་མཇུག་མཐའི་རིམ་པ་ཞིག་ཡིན་པས། ལམ་ལུགས་དང་རྐྱེན་སྲོལ་བཅོས་སྒྱུར་ཟབ་མོ་བྱེད་པ་དང་། མཁོ་སྤྲོད་ཕྲེང་འབྲེལ་གྱི་བརྒྱུད་ལམ་གེགས་མེད་དུ་ཡོང་བར་བྱས་ནས། ཚན་རྩལ་གྲུབ་འབྲས་ཚུལ་སྒྱུར་གྱི་ཕན་འབྲས་ཆེས་ཆེན་པོས་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་ཀྱི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་ཟབ་མོ་གཏོང་དགོས།

ལི་ཆང་གིས་བསྟན་དོན། ཚན་རྩལ་གྲུབ་འབྲས་སྤོ་སྒྱུར་དེ་ལག་རྩལ་ཞིབ་འཇུག་དང་བཟོ་འགོད་ར་སྤྲོད། ཐོན་ལས་ཅན་དང་ཚོང་ལས་ཅན་སོགས་ཀྱི་གོ་རིམ་སྣ་མང་བརྒྱུད་པ་དང་། གོ་རིམ་གང་ཞིག་ཤར་བགྲོད་བྱེད་མ་ཐུབ་ཚེ་དངོས་འབེབས་དང་ཕན་འབྲས་ལ་ཤུགས་རྐྱེན་ཐེབས་པ་ཡིན་ལ། གནད་འགག་ལ་དམ་དུ་དམིགས་ཏེ་ཚན་རྩལ་གྲུབ་འབྲས་སྤོ་སྒྱུར་གྱི་དཀའ་གནད་ཧུར་ཐག་གིས་སེལ་དགོས། ཚན་རྩལ་ཞིབ་འཇུག་གསར་སྤེལ་དང་ཐོན་ལས་འཕེལ་རྒྱས་ཀྱི་འབྲེལ་ཡོད་དཔྱད་འཇོག་མ་ལག་དང་རྐྱེན་སྲོལ་སྔར་ལས་ལེགས་སྒྱུར་བྱེད་པ་དང་། ཁེ་ལས་ཀྱི་གསར་གཏོད་གཙོ་གཞིའི་གོ་གནས་སྔར་ལས་འབུར་དུ་བཏོད་ནས། ཆ་རྐྱེན་ལྡན་པའི་ཁེ་ལས་ཀྱིས་རྒྱལ་ཁབ་ཚན་རྩལ་གསར་གཏོད་ལས་གཞིར་སྣེ་ཁྲིད་དང་ཟབ་ཞུགས་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། ཁེ་ལས་དང་མཐོ་རིམ་སློབ་གླིང་། ཚན་རྩལ་ཞིབ་འཇུག་ལས་ཁུངས་བཅས་བར་གྱི་མཉམ་ལས་ཟབ་མོར་ཁྲིད་སྟོན་བྱེད་པ། ཐོན་ལས་མདུན་གྲལ་ནས་ཚན་རྩལ་གཅིག་བསྡུས་ཀྱིས་སྤྱོད་པའི་གནད་དོན་ལ་ཁ་ཕྱོགས་པ་དང་། མཉམ་འབྲེལ་གྱིས་ཚན་རྩལ་ཞིབ་འཇུག་འགག་སྒྲོལ་བྱས་ཏེ། རང་བདག་འགག་སྒྲོལ་ལག་རྩལ་དང་ཐོན་རྫས་དེ་གཞི་ཁྱོན་ཅན་གྱི་བེད་སྤྱོད་ཁྲོད་མུ་མཐུད་དུ་གསར་སྒྱུར་རིམ་འཕར་ཡོང་བར་སྐུལ་འདེད་གཏོང་དགོས།

ལི་ཆང་གིས་ནན་གྱིས་བསྟན་དོན། ཚན་རྩལ་གྲུབ་འབྲས་སྤོ་སྒྱུར་ལ་ཁོར་ཡུག་གི་རྒྱབ་སྐྱོར་ལེགས་པོ་མཁོ་བ་དང་། ནུས་ལྡན་གྱི་ཁྲོམ་ར་དང་ནུས་ལྡན་གྱི་སྲིད་གཞུང་ཕན་ཚུན་མཉམ་འདྲེས་བྱེད་པ་རྒྱུན་འཁྱོངས་བྱེད་དགོས་ལ། རྒྱབ་སྐྱོར་སྲིད་ཇུས་དང་ཁྲོམ་རའི་ཞབས་ཞུ་འཐུས་ཚང་དུ་བཏང་ནས། ནུས་མཐོའི་མཐུན་སྦྱོར་བྱེད་པ་དང་གསོན་ཤུགས་ལྡན་པའི་གྲུབ་འབྲས་ཚུལ་སྒྱུར་མ་ལག་གྲུབ་པར་བྱེད་དགོས། ཚན་རྩལ་གྲུབ་འབྲས་ཚུལ་སྒྱུར་གྱི་ཆོས་ཉིད་ལ་བསྟུན་ནས། ལས་ཐོག་ཚན་རྩལ་གྲུབ་འབྲས་ཀྱི་དབང་སྤྲོད་དང་རྒྱུ་ནོར་རྐྱང་བསྟར་དོ་དམ་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་། དངུལ་རྩའི་ལས་ཁུངས་ཀྱིས་དངུལ་རྩའི་ཐོན་རྫས་དང་ཞབས་ཞུའི་ཐབས་ལམ་གསར་གཏོད་བྱེད་པར་སྐུལ་སློང་བྱེད་ཅིང་། སྣ་མང་ཅན་གྱི་དངུལ་རྩའི་ཐབས་ལམ་མཁོ་འདོན་དང་། ཚན་རྩལ་གྱི་སྤྱི་པའི་ཞབས་ཞུའི་སྟེགས་བུ་སྐོར་ཞིག་འཛུགས་པར་རྒྱབ་སྐྱོར་བྱས་ནས། ཚན་རྩལ་གྲུབ་འབྲས་ཀྱི་མཁོ་སྤྲོད་ཕྱོགས་གཉིས་ཀར་བརྒྱུད་རིམ་ཧྲིལ་བོའི་ཞབས་ཞུ་འདོན་སྤྲོད་བྱེད་དགོས། །

གོང་མ།:«མི་དམངས་ཀྱིས་རེ་སྨོན་བྱེད་པའི་དགའ་སྐྱིད་ཀྱི་འཚོ་བ་ནི་ང་ཚོའི་འབད་འཐབ་དམིགས་འབེན་ཡིན»

ཞོལ་མ།:ཧན་ཀྲིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་མཚོའི་ཚོགས་ཆེན་ཐེངས་གསུམ་པར་ཞུགས་པར་མ་ཟད་སྤྱིར་བཏང་རང་བཞིན་གྱི་རྩོད་གླེང་སྟེང་གསུང་བཤད་གནང་བ།