པར་རིས་གསར་འགྱུར།
 

ཞི་ཅིན་ཕིང་གིས་བྷེ་ཨུ་རུ་སུའི་ཙུང་ཐུང་ལུའུ་ཁ་ཧྲིན་ཁོར་ཐུག་འཕྲད་གནང་བ།

ཡོང་ཁུངས།:​ཀྲུང་གོ་བོད་ཀྱི་དྲ་བ།  སྤེལ་དུས།:2025-09-01  རྩོམ་པ་པོ།:ཞིན་ཧྭ་དྲ་བ།  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:


ཟླ8པའི་ཚེས31ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐེན་ཅིན་མགྲོན་བསུ་ཁང་དུ་ཀྲུང་གོར2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྩེ་ཚོགས་དང་ཀྲུང་གོ་མི་དམངས་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཞི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར80ལོན་པའི་རྗེས་དྲན་བྱེད་སྒོར་ཞུགས་པའི་བྷེ་ཨུ་རུ་སུའི་ཙུང་ཐུང་ལུའུ་ཁ་ཧྲིན་ཁོ་ལ་ཐུག་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ8པའི་ཚེས31ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐེན་ཅིན་མགྲོན་བསུ་ཁང་དུ་ཀྲུང་གོར་2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྩེ་ཚོགས་དང་ཀྲུང་གོ་མི་དམངས་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཞི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར80ལོན་པའི་རྗེས་དྲན་བྱེད་སྒོར་ཞུགས་པའི་བྷེ་ཨུ་རུ་སུའི་ཙུང་ཐུང་ལུའུ་ཁ་ཧྲིན་ཁོ་ལ་ཐུག་འཕྲད་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་བྷེ་ཨུ་རུ་སུའི་མི་དམངས་ཀྱིས་དཔུང་པ་མཉམ་གཤིབ་ཀྱིས་འཐབ་འཛིང་བྱས་ཏེ། ཐུན་མོང་ཐོག་དམག་རྒྱལ་རིང་ལུགས་དང་ཧྥ་ཤི་སི་རིང་ལུགས་ཐལ་རྡུལ་དུ་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་བ་དང་མཛའ་གྲོགས་ཟབ་མོ་ཆགས་ཡོད། མིག་སྔར། འཛམ་གླིང་གི་ལོ་བརྒྱའི་འགྱུར་ལྡོག་ཇེ་མགྱོགས་སུ་འགྲོ་བཞིན་ཡོད་པ་དང་། མིའི་རིགས་ཡང་བསྐྱར་བཞི་མདོར་ལངས་ཡོད། ཀྲུང་གོ་ཕྱོགས་ཀྱིས་བྷེ་ཨུ་རུ་སུའི་ཕྱོགས་དང་མཉམ་དུ་དུས་རབས་ཀྱི་འགན་འཁྲི་འཁུར་ནས་ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་ནས་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས། མཉམ་ལས། མཉམ་རྒྱལ་བཅས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་འདོད་ཡོད། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་བྷེ་ཨུ་རུ་སུའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཆུ་ཚད་མཐོ་བའི་ཐོག་འཕེལ་རྒྱས་འགྲོ་བཞིན་ཡོད་པས་ཕྱོགས་གཉིས་ཀྱིས་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་དང་དོ་ཁུར་བྱེད་པའི་གནད་དོན་ཐད་མུ་མཐུད་དུ་བློ་བརྟན་འགྱུར་མེད་ངང་ཕན་ཚུན་ལ་རྒྱབ་སྐྱོར་བྱེད་དགོས། སྤུས་ཚད་མཐོ་བའི"རྒྱུད་གཅིག་ལམ་གཅིག"མཉམ་སྐྲུན་བྱ་རྒྱུ་དང་། འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། མཉམ་ལས་ཀྱི་བཀྲག་མདངས་དང་འཕར་ཚད་མུ་མཐུད་དུ་བསྐྲུན་དགོས། "2024ལོ་ནས2025ལོའི་བར་ཀྲུང་གོ་དང་བྷེ་ཨུ་རུ་སུའི་ཚན་རྩལ་གསར་གཏོད་ལོའི"གྲུབ་འབྲས་བེད་སྤྱོད་ཡག་པོ་བྱས་ཏེ། སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་དར་རྒྱས་ལ་རོགས་རམ་བྱེད་དགོས། སློབ་གསོ་དང་རིག་གནས། ཡུལ་སྐོར། གཞོན་ནུན། ས་གནས་བཅས་ཀྱི་སྤེལ་རེས་རྒྱ་བསྐྱེད་དེ་མི་ཆོས་རིག་གནས་ཀྱི་འབྲེལ་འདྲིས་ལ་སྐུལ་འདེད་གཏོང་དགོས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་དང་གསེར་གྱོམ་རྒྱལ་ཁབ་སོགས་ཕྱོགས་མང་ལམ་སྲོལ་ཁྲོད་མཉམ་ལས་དམ་ཟབ་བྱས་ཏེ། མིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས། 

ཟླ8པའི་ཚེས31ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐེན་ཅིན་མགྲོན་བསུ་ཁང་དུ་ཀྲུང་གོར2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྩེ་ཚོགས་དང་ཀྲུང་གོ་མི་དམངས་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཞི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར80ལོན་པའི་རྗེས་དྲན་བྱེད་སྒོར་ཞུགས་པའི་བྷེ་ཨུ་རུ་སུའི་ཙུང་ཐུང་ལུའུ་ཁ་ཧྲིན་ཁོ་ལ་ཐུག་འཕྲད་གནང་།

ལུའུ་ཁ་ཧྲིན་ཁོ་ཡིས་བསྟན་དོན། ཀྲུང་གོར་ཡོང་ཐེངས་རེར་ཀྲུང་གོའི་སྐྱེ་སྟོབས་ཆེན་པོའི་འཕེལ་རྒྱས་དང་ཡར་རྒྱས་ཀྱི་རྣམ་འགྱུར་གྱིས་ཤུགས་རྐྱེན་ཐེབས་ཀྱིན་ཡོད།  ཀྲུའུ་ཞི་ཞི་ཅིན་ཕིང་གི་བློ་བརྟན་འགྱུར་མེད་ཀྱི་མགོ་ཁྲིད་འོག ཀྲུང་གོས་རང་ངོས་ཀྱི་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་བགྲོད་ལམ་དུ་བློ་བརྟན་འགྱུར་མེད་ངང་བསྐྱོད་ནས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་པ་དང་། དེ་བས་འོད་སྟོང་འཕྲོ་བའི་མདུན་ལམ་བསྐྲུན་པས། ཀྲུང་གོའི་འཕེལ་རྒྱས་དང་དར་རྒྱས་ལ་སྟོབས་ཤུགས་གང་གིས་ཀྱང་བཀག་འགོག་བྱེད་ཐུབ་མེད། ཀྲུང་གོས་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་དྲང་གཞག་གི་ལངས་ཕྱོགས་རྒྱུན་འཁྱོངས་དང་ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས། དྲང་གཞག་དྲང་བདེན་སྲུང་སྐྱོབ་བཅས་བྱས་ནས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་སོགས་ཕྱོགས་མང་ལམ་སྲོལ་མཉམ་ལས་ལ་སྣེ་ཁྲིད་བྱས་ཏེ། ཡོ་རོབ་དང་ཨེ་ཤེ་ཡའི་སྐམ་ས་ཆེན་མོ་དང་འཛམ་གླིང་ཞི་བདེ་བརྟན་ལྷིང་ཡོང་བར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། བྷེ་ཨུ་རུ་སུ་ནི་ཀྲུང་གོའི་དུས་ཀུན་ཅན་གྱི་རོགས་ཟླ་དང་ནམ་ཡང་བློས་འགེལ་ཆོག་པའི་གྲོགས་པོ་ཡིན་པས། ཀྲུང་གོ་ཕྱོགས་དང་རྒྱལ་སྐྱོང་སྲིད་སྐྱོང་ཉམས་མྱོང་སྤེལ་རེས་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཁྱབ་ཁོངས་ཁག་གི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་དེ་བས་ཆེན་པོ་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད། 

ཕྱོགས་གཉིས་ཀྱིས་ཚན་རྩལ་དང་དངུལ་རྩ། རྩིས་བཤེར། སྨྱན་བྱད། འགྲིམ་འགྲུལ་སྐྱེལ་འདྲེན། སྒོ་ཁྲལ་ཞིབ་བཤེར་དང་རིམས་ནད་ཞིབ་བཤེར་སོགས་ཁྱབ་ཁོངས་མང་པོའི་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆར་མིང་རྟགས་བཀོད། 

ཚའེ་ཆི་དང་ཝང་དབྱི། ཁྲེན་རྨིན་ཨེར་སོགས་ཐུག་འཕྲད་ལ་ཞུགས། །

གོང་མ།:ཞི་ཅིན་ཕིང་དང་ཕིན་ལི་ཡོན་གྱིས2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྩེ་ཚོགས་ལ་ཞུགས་པའི་རྒྱལ་སྤྱིའི་སྐུ་མགྲོན་ལ་དགའ་བསུའི་གསོལ་སྟོན་སྤེལ་བ།

ཞོལ་མ།:ཏིང་ཞུའེ་ཞང་གིས་ཡ་གླིང་གསར་སྤེལ་དངུལ་ཁང་གི་ལག་བསྟར་འགན་འཛིན་གྱི་འཚམས་འདྲིའི་ཚོགས་པར་ཐུག་འཕྲད་གནང་།