པར་རིས་གསར་འགྱུར།
 

རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས《དུས་རབས་གསར་པའི་ཀྲུང་གོ་ཡིས་བུད་མེད་ཀྱི་ཕྱོགས་ཡོངས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལག་ལེན་དང་གྲུབ་འབྲས》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་འགྲེམས་སྤེལ་བྱས་པ།

ཡོང་ཁུངས།:​ཀྲུང་གོ་བོད་ཀྱི་དྲ་བ།  སྤེལ་དུས།:2025-09-23  རྩོམ་པ་པོ།:ཞིན་ཧྭ་དྲ་བ།  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:


ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་ཟླ9པའི་ཚེས19ཉིན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་འཚོགས་ནས། 《དུས་རབས་གསར་པའི་ཀྲུང་གོས་བུད་མེད་ཀྱི་ཕྱོགས་ཡོངས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལག་ལེན་དང་གྲུབ་འབྲས》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་འགྲེམས་སྤེལ་བྱས།

འདི་ནི་ཟླ9པའི་ཚེས19ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་གིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་འཚོགས་ནས། 《དུས་རབས་གསར་པའི་ཀྲུང་གོས་བུད་མེད་ཀྱི་ཕྱོགས་ཡོངས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལག་ལེན་དང་གྲུབ་འབྲས》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་འགྲེམས་སྤེལ་བྱེད་པའི་ཚུལ་རེད།

རྒྱབ་ཤ་དཀར་པོའི་དེབ་དེ་སྔོན་འགྲོ་དང་མཇུག་བསྡུ་ལས་གཞན། དོན་ཚན་ལྔར་དབྱེ་ཡོད་དེ། སོ་སོ་ནི་ཕྱོགས་ཡོངས་ནས་ཀྲུང་གོའི་བུད་མེད་ཀྱི་ལས་དོན་འཕེལ་རྒྱས་བགྲོད་ལམ་དང་བུད་མེད་ཀྱི་ཕྱོགས་ཡོངས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དེ་རྒྱལ་ཁབ་ཀྱི་བྱ་སྤྱོད་དུ་བསྒྱུར་བ། བུད་མེད་ཀྱིས་དེང་རབས་ཅན་གྱི་འཛུགས་སྐྲུན་གྲུབ་འབྲས་མཉམ་སྤྱོད་བྱེད་པ། བུད་མེད་དག་དུས་རབས་ཀྱི་མདུན་གྲལ་དུ་བསྐྱོད་པར་སྐུལ་འདེད་གཏོང་བ། གོ་ལ་ཧྲིལ་བོའི་བུད་མེད་ལས་དོན་འཕེལ་རྒྱས་ལ་ཀྲུང་གོའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་བ་བཅས་ཡིན།

འདི་ནི་ཟླ9པའི་ཚེས19ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་གིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་འཚོགས་ནས། 《དུས་རབས་གསར་པའི་ཀྲུང་གོས་བུད་མེད་ཀྱི་ཕྱོགས་ཡོངས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལག་ལེན་དང་གྲུབ་འབྲས》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་འགྲེམས་སྤེལ་བྱེད་པའི་ཚུལ་རེད།

རྒྱབ་ཤ་དཀར་པོའི་དེབ་ནང་ནན་གྱིས་བསྟན་དོན། བུད་མེད་ནི་མིའི་རིགས་དཔལ་ཡོན་གྱི་གསར་གཏོད་པ་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྐུལ་འདེད་པ་ཡིན། ཕོ་མོ་འདྲ་མཉམ་དང་བུད་མེད་ཀྱི་ཕྱོགས་ཡོངས་འཕེལ་རྒྱས་མངོན་འགྱུར་བྱེད་པར་མིའི་རིགས་ཀྱིས་ཟང་ཟིང་དང་རྒྱུན་ལྡན་མ་ཡིན་པའི་ལོ་རྒྱུས་བརྒྱུད་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བུད་མེད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་དང་། ཕོ་མོ་འདྲ་མཉམ་དང་བུད་མེད་ཀྱི་ཕྱོགས་ཡོངས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ནང་དོན་གལ་ཆེན་དུ་བརྩིས་ནས། བུད་མེད་ཀྱི་བྱ་གཞག་གོང་དུ་སྤེལ་བར་གསར་གཏོད་རང་བཞིན་དང་སྤྱི་ཡོངས་རང་བཞིན། ཡུན་རིང་རང་བཞིན་བཅས་ལྡན་པའི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་བྱས།

རྒྱབ་ཤ་དཀར་པོའི་དེབ་ནང་མཚམས་སྦྱོར་བྱེད་རྒྱུར། ཀྲུང་གོས་བུད་མེད་འཕེལ་རྒྱས་གཏོང་བའི་དམིགས་འབེན་ལས་འགན་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་ལོ་ལྔའི་འཆར་འགོད་ནང་བཅུག་ལ། བུད་མེད་འཕེལ་རྒྱས་གཏོང་བའི་ཆུ་ཚད་དེ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ཆུ་ཚད་ཚད་འཇལ་གྱི་ཚད་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས།  བུད་མེད་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་རྒྱུ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུ་དུས་མཉམ་དུ་འཆར་འགོད་དང་དུས་མཉམ་དུ་བཀོད་སྒྲིག  དུས་མཉམ་དུ་སྐུལ་སྤེལ། དུས་མཉམ་དུ་དོན་འཁྱོལ་བཅས་བྱས་ཏེ། དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་སྔར་ལས་མང་ཞིང་སྔར་ལས་དྲང་སྙོམས་ཀྱི་སྒོ་ནས་རྒྱ་ཆེའི་བུད་མེད་ལ་ཕན་དུ་བཅུག་ཤིང་། བུད་མེད་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་སྔར་ལས་ཇེ་ཆེ་དང་སྔར་ལས་ཁག་ཐེག སྔར་ལས་རྒྱུན་མཐུད་ཡོད་པར་བྱས་ཡོད།

རྒྱབ་ཤ་དཀར་པོའི་དེབ་ནང་བཤད་རྒྱུར། ཀྲུང་གོས་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་བུད་མེད་ཞུགས་པའི་ཐབས་ལམ་རྒྱ་ཆེར་གཏོང་བ་དང་དེའི་ནང་ཞུགས་པའི་ནུས་པ་ཆེ་རུ་གཏོང་བ། གསར་གཏོད་ཀྱི་གསོན་ཤུགས་སློང་བ་བཅས་བྱས་པས། རྒྱ་ཆེའི་བུད་མེད་ཀྱི་ནུས་པ་གང་ལེགས་སྒོས་མངོན་པར་བྱས་ཡོད། ཀྲུང་གོས་བུད་མེད་ཀྱིས་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་བྱས་རྗེས་འཇོག་པར་སྐུལ་འདེད་གཏོང་ཆེད། བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོའི་ཁྲོད་འདྲ་མཉམ་ངང་ཞུགས་པ་དང་། རིག་གནས་དར་རྒྱས་གོང་འཕེལ་ཁྲོད་བུད་མེད་ཀྱི་ཉམས་འགྱུར་མངོན་པ། གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་ཁྲོད་ཁག་ཁུར་བྱས་རྗེས་འཇོག་པ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཁྲོད་དངོས་སྒྲུབ་མཛད་རྗེས་འཇོག་པ་བཅས་བྱས་ཡོད། 

རྒྱབ་ཤ་དཀར་བའི་དེབ་ལས་བསྟན་དོན།  དེང་སྐབས་ཀྱི་འཛམ་གླིང་དུ། ཕོ་མོ་འདྲ་མཉམ་དང་བུད་མེད་ཀྱི་ཕྱོགས་ཡོངས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་གོ་སྐབས་དང་འཕྲད་ཡོད་ལ་ལས་འགན་ཀྱང་ལྕི། ཀྲུང་གོས་འཛམ་གླིང་གི་རྒྱལ་ཁབ་ཁག་དང་མཉམ་དུ་ལག་གདང་སྦྲེལ་ནས་གང་མགྱོགས་སྒོས་མདུན་དུ་བསྐྱོད་དེ།   བུད་མེད་འཕེལ་རྒྱས་ཀྱི་མཛེས་པའི་མ་འོངས་པ་མཉམ་དུ་བསྐྲུན་པ་དང་གོ་ལ་ཧྲིལ་པོའི་བུད་མེད་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་ལེའུ་གསར་པ་མཉམ་དུ་འབྲི་འདོད་ཡོད།  །

གོང་མ།:ཞི་ཅིན་ཕིང་གིས་ཀྲུང་དབྱང་འཐུས་མི་ཚོགས་པའི་སྣེ་ཁྲིད་དེ་ཝུའུ་ལུའུ་མུའུ་ཆི་རུ་ཕེབས་ནས་ཞིན་ཅིང་ཡུ་གུར་རིགས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་འཁོར70ལོན་པའི་རྟེན་འབྲེལ་བྱ་འགུལ་ལ་ཞུགས།

ཞོལ་མ།:ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར80ལོན་པའི་རྗེས་དྲན་བྱེད་སྒོའི་སྤྱི་བསྡོམས་གྲོས་ཚོགས་པེ་ཅིན་དུ་བསྡུས་པ།