ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། ལོ་བཞི་རེར་སྐབས་རེ་འཚོགས་པའི་མཚོ་སྔོན་ཞིང་ཆེན་གྱི་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བརྒྱད་པ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་འཚོགས་པ་དང་། བསྡོམས་པས་འཐུས་མི་ཚོགས་པ20དང་རུ་ཁག19འགྲན་སྡུར་ཁྲོད་ཞུགས་པ་དང་། འགྲན་སྡུར་ཁྲོད་ཞུགས་པའི་སྤྱིའི་མི་གྲངས1933ལ་སླེབས་ཡོད།
ལུས་རྩལ་འགྲན་ཚོགས་ཀྱི་སྐབས་སུ། མཚོ་སྔོན་ཞིང་ཆེན་གྱི་མི་རིགས་སོ་སོའི་ལུས་རྩལ་པ་རྨ་ལྷོ་རུ་མཉམ་དུ་འཛོམས་ནས། རང་ཉིད་ལ་འགྲན་སློང་བྱས་ཏེ། མི་རིགས་ཀྱི་རིག་གནས་སོ་སོའི་རྣམ་པ་སྣ་མང་དང་མི་རིགས་སྲོལ་རྒྱུན་ལུས་རྩལ་གྱི་འགུག་ཤུགས་ཚད་མེད་མངོན་པར་མཚོན་པ་དང་། མི་རིགས་སོ་སོའི་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་ལ་སྐུལ་འདེད་བཏང་སྟེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་པའི་དགོངས་དོན་གཙོ་བོ་མཆོག་ཏུ་བཟུང་ཡོད།
སྐབས་འདིའི་ལུས་རྩལ་འགྲན་ཚོགས་ལ་འགྲན་སྡུར་རྣམ་གྲངས་དང་འཁྲབ་སྟོན་རྣམ་གྲངས་རིགས་ཆེན་པོ་གཉིས་ཡོད་པ་དང་། དེའི་ཁྲོད་འགྲན་སྡུར་གྱི་རྣམ་གྲངས་ལ་མི་རིགས་དྲག་རྩལ་དང་། གླང་ཆེན་ས་གཤག ཐག་འཐེན། ས་སྒྱེ་འགྱོག་པ། མི་རིགས་རྣམ་པའི་མདའ་འཕེན། མི་རིགས་རྣམ་པའི་འཇུ་རེས། བོད་འགྱིག་འདེབས་པ། འབྲི་གཡག་འགྲན་རྒྱུག སྐོར་བྲོ་འགྲན་སྡུར་བཅས་བསྡོམས་པས་རྣམ་གྲངས་ཆེན་པོ10དང་རྣམ་གྲངས་ཆུང་ཆུང55ཡོད་པ་དང་། འཁྲབ་སྟོན་གྱི་རྣམ་གྲངས་ལ་འགྲན་སྡུར་རིགས་དང་། ཐབས་རྩལ་རིགས། ཕྱོགས་བསྡུས་རིགས་བཅས་སུ་དབྱེ་ཡོད། །

འདི་ནི་ལེ་ཚན་འཁྲབ་སྟོན་བྱེད་བཞིན་པའི་ཚུལ་རེད།

འདི་ནི་ལེ་ཚན་འཁྲབ་སྟོན་བྱེད་བཞིན་པའི་ཚུལ་རེད།

འདི་ནི་འཁྲབ་སྟོན་རྣམ་གྲངས་འགྲན་སྡུར་བྱེད་བཞིན་པའི་ཚུལ་རེད།

འདི་ནི་འཁྲབ་སྟོན་རྣམ་གྲངས་འགྲན་སྡུར་བྱེད་བཞིན་པའི་ཚུལ་རེད།

འདི་ནི་མི་རིགས་རྟ་རྩལ་འཁྲབ་སྟོན་བྱེད་བཞིན་པའི་ཚུལ་རེད།

འདི་ནི་རྟ་རྒྱུག་འགྲན་སྡུར་བྱེད་བཞིན་པའི་ཚུལ་རེད།

འདི་ནི་ཐག་འཐེན་འགྲན་སྡུར་བྱེད་བཞིན་པའི་ཚུལ་རེད།

འདི་ནི་ཐག་འཐེན་འགྲན་སྡུར་བྱེད་བཞིན་པའི་ཚུལ་རེད།

འདི་ནི་ས་སྒྱེ་འགྱོག་བཞིན་པའི་ཚུལ་རེད།

འདི་ནི་ས་གནས་མང་ཚོགས་ཀྱིས་འགྲན་སྡུར་ལ་ལྟ་བཞིན་པའི་ཚུལ་རེད།