མི་རིགས་མཐུན་སྒྲིལ།
 

ཝང་ཧུའུ་ཉིང་གིས་རྒྱལ་ཡོངས་གྲངས་ཉུང་མི་རིགས་ལྟ་སྐོར་ཚོགས་པར་ཐུག་འཕྲད་གནང་།

ཡོང་ཁུངས།:​ཀྲུང་གོ་བོད་ཀྱི་དྲ་བ།  སྤེལ་དུས།:2025-09-08  རྩོམ་པ་པོ།:ཞིན་ཧྭ་དྲ་བ།  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:


ཟླ9པའི་ཚེས5ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་པེ་ཅིན་དུ་རྒྱལ་ཡོངས་གྲངས་ཉུང་མི་རིགས་ལྟ་སྐོར་ཚོགས་པར་ཐུག་འཕྲད་གནང་། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཚེས5ཉིན་པེ་ཅིན་དུ་རྒྱལ་ཡོངས་གྲངས་ཉུང་མི་རིགས་ལྟ་སྐོར་ཚོགས་པར་ཐུག་འཕྲད་གནང་། ཁོང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཞི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར80ལོན་པར་རྗེས་དྲན་ཞུ་བའི་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་དང་། མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པ། "གཏན་འཁེལ་གཉིས"ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་བླངས་ཏེ། "འདུ་ཤེས་བཞི"སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་།  "ཡིད་རྟོན་བཞི"སྔར་ལས་ཇེ་བརྟན་དུ་གཏོང་བ། "སྲུང་སྐྱོང་གཉིས"ལེགས་པར་བསྒྲུབ་པ་བཅས་བྱས་ནས། དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ནང་འབད་པས་ཞུགས་དགོས།

ཝང་ཧུའུ་ཉིང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་རྗེས་དྲན་བྱེད་སྒོ་ཡིས་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་དང་ཀྲུང་ཧྭའི་བུདང་་བུ་མོ་ཡོངས་ཀྱི་མི་རིགས་ཀྱི་ཡིད་རྟོན་དང་སྤོབས་སེམས་ཆེས་ཆེར་འདོན་སྤེལ་བྱས་པ་དང་།  མི་དམངས་མང་ཚོགས་དུང་ཕྱུར་མང་པོའི་ཏང་ལ་དགའ་ཞེན་དང་སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བྱེད་པའི་སྤྲོ་སེམས་རབ་ཏུ་འཕེལ་བར་བྱས་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་འཇར་འགོག་དམག་འཁྲུག་གི་ལོ་རྒྱུས་ཁྲོད་ནས་མདུན་སྐྱོད་ཀྱི་སྟོབས་ཤུགས་བསྡུ་ལེན་བྱས་ནས། འཐབ་ལམ་གསར་བར་འབད་པས་བསྐྱོད་པ་དང་དུས་རབས་གསར་པར་བྱས་རྗེས་བཞག་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ཁྲོད་འབད་པས་ཞུགས་དགོས། ལྟ་སྐོར་ཚོགས་པའི་ཁོངས་མིས་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་རླབས་ཆེན་དར་སྤེལ་བཏང་ནས། མི་རིགས་སོ་སོའི་མང་ཚོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཏང་གི་གསུང་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་རྒྱུར་ཁྲིད་སྟོན་བྱེད་པ་དང་། "ཁས་ལེན་ལྔ"ལ་རྒྱུན་ཆད་མེད་པར་ཤུགས་བསྣན་ཏེ།   ཀུན་གྱི་སྣེ་ཁྲིད་དེ་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་བ།   ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། མི་རིགས་སོ་སོ་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བར་སྣེ་ཁྲིད་དེ། མི་རིགས་ས་ཁུལ་འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་ཞུ་དང་མཉམ་འདྲེས་བྱེད་པར་སྐུལ་འདེད་བཏང་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་དགོས།  དུས་རབས་གསར་པའི་མཐའ་དར་དམངས་ཕྱུག་འགུལ་སྐྱོད་ལ་སྣེ་ཁྲིད་དེ། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ། མཐའ་མཚམས་སྲ་བརྟན་བཅས་ལ་སྲུང་སྐྱོང་ཏན་ཏིག་བྱེད་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ནམ་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ལི་ཀན་ཅེ་དང་། རྒྱལ་སྲིད་ཨུ་ཡོན་ཧྲིན་དབྱི་ཆིན་ཐུག་འཕྲད་ལ་ཞུགས།

རྒྱལ་ཡོངས་གྲངས་ཉུང་མི་རིགས་ལྟ་སྐོར་ཚོགས་པའི་ཁོངས་མི་ནི2024ལོར་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཟེངས་བསྟོད་ཐོབ་པའི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མི་སྒེར་དང་ཐུན་མོང་གི་འཐུས་མི་ལས་གྲུབ་ཡོད། རང་རྒྱལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་ཆེད་དུ་བྱས་རྗེས་གཟེངས་སུ་ཐོན་པ་བཞག་པའི་དཔེ་བཟང་འཐུས་མིའི་ཕྱི་རབས་པ་ཐེངས་དང་པོར་གདན་འདྲེན་ཞུས་ཡོད། ཁྱོན་བསྡོམས་མི་གྲངས149ཡོད། །

གོང་མ།:ཞི་ཅིན་ཕིང་གིས་ཀྲུང་དབྱང་འཐུས་མི་ཚོགས་པའི་སྣེ་ཁྲིད་དེ་ཝུའུ་ལུའུ་མུའུ་ཆི་རུ་ཕེབས་ནས་ཞིན་ཅིང་ཡུ་གུར་རིགས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་འཁོར70ལོན་པའི་རྟེན་འབྲེལ་བྱ་འགུལ་ལ་ཞུགས།

ཞོལ་མ།:མི་རིགས་ལུས་རྩལ་ཀྱི་ཚོགས་འདུ་གཟབ་རྒྱས་ཐེངས་ཤིག་དང་མི་རིགས་མཐུན་སྒྲིལ་གྱི་དགའ་སྤྲོའི་མཉམ་འཛོམས་ཐེངས་ཤིག