མི་རིགས་མཐུན་སྒྲིལ།
 

མངའ་རིས་ས་ཁུལ་གྱིས་མི་རིགས་མཐུན་སྒྲིལ་གྱི་དྲིལ་སྒྲོག་སློབ་གསོ་ཏན་ཏིག་སྤེལ་བར་སྐུལ་འདེད་བཏང་བ།

ཡོང་ཁུངས།:​ཀྲུང་གོ་བོད་ཀྱི་དྲ་བ།  སྤེལ་དུས།:2026-07-06  རྩོམ་པ་པོ།:​ཀྲུང་གོ་བོད་ཀྱི་དྲ་བ།  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློག་གྲངས།:


ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་། མངའ་རིས་ས་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་གཙོ་རྐང་དུ་བྱེད་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་སྐྲུན་ལས་དོན་གྱི་གཙོ་གནད་ལ་དམིགས་པ། བྱ་བའི་གཞི་རྟེན་རྒྱུན་མཐུད་གསར་གཏོད་བྱེད་པ། དྲིལ་སྒྲོག་བྱེད་སྟངས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་བཅས་བྱས་ནས། མི་རིགས་མཐུན་སྒྲིལ་གྱི་དྲིལ་སྒྲོག་སློབ་གསོའི་ལས་དོན་ཁོངས་ཡོངས་སུ་སྤེལ་བ་དང་དོན་འཁྱོལ་ཐུབ་སྟེ་ཕན་འབྲས་ཐོན་པར་སྐུལ་འདེད་ཏན་ཏིག་བཏང་།

གཡུལ་ས་འཛུགས་སྐྲུན་གྱི་ལས་དོན་སྤེལ་བའི་ཐད། མངའ་རིས་ས་ཁུལ་གྱིས་ཏང་འཛུགས་སྐྱོང་སྣེ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཀྱི་སྤུས་རྟགས་མ་ལག་ཞིབ་ཚགས་གཏོད་པ། “གསར་བརྗེའི་ཁྲག་རྒྱུན་མཐའ་མཚམས་ཡུལ་དུ་འཕོས། བློ་སེམས་གཅིག་སྒྲིལ་མངའ་རིས་འཛུགས་སྐྲུན་བྱེད”ཅེས་པའི་བརྗོད་དོན་ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་བྱེད་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཀྱི་སྤུས་རྟགས་གཏོད་པ། རྫོང་ཁོངས་ཀྱི་ཁྱད་ལྡན་སྤུས་རྟགས་ཆུང་ངུ7གཏོད་པ། “1+7”གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཀྱི་སྤུས་རྟགས་མ་ལག་གཏོད་པ་བཅས་བྱས་ཡོད། 2025ལོར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རིག་གནས་ཁྱམས་རིང་དང་། དཔེ་སྟོན་ཁྲོམ་གཞུང་། ཐང་ཆེན། སྤྱི་གླིང་བཅས22བསྐྲུན་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་སྐར་ཁུང་དང་དཔེ་སྟོན་ལས་གནས165བཀོད་སྒྲིག་བྱས་ནས་མི་རིགས་མཐུན་སྒྲིལ་གྱི་རྣམ་པ་ཟབ་མོ་བཏོད་ཡོད།

དེ་དང་ཆབས་ཅིག མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་སྒྲོག་ཟླ་བ་སོགས་གོ་སྐབས་གལ་ཆེན་ལ་བརྟེན་ནས་བརྗོད་དོན་གཙོ་བོའི་དྲིལ་སྒྲོག་བྱ་འགུལ་སྣ་མང་རྒྱ་ཆེར་ངང་སྤེལ། 2025ལོར“སེ་འབྲུའི་མེ་ཏོག་རྣམ་པར་བཞད། འབྲུ་རྡོག་བཞིན་དུ་བློ་སེམས་མཐུན”ཞེས་བརྗོད་དོན་གཙོ་བོའི་འཆད་འཁྲིད་དང་རིག་རྩལ་འཁྲབ་སྟོན། ཤེས་བྱའི་འགྲན་བསྡུར་སོགས་བྱ་འགུལ150ལྷག་སྤེལ་ཤིང་། མང་ཚོགས་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་བའི་རྣམ་པས་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་ལེགས་པོ་བརྒྱུད་སྒྲོག་བྱས།

བསམ་བློའི་རྨང་གཞི་སྲ་བརྟན་དུ་གཏོང་ཆེད། མངའ་རིས་ས་ཁུལ་གྱིས“1+8+N”ཡི་དྲིལ་སྒྲོག་དཔུང་སྡེ་སྒྲིག་འཛུགས་བྱས་ནས“གཞུང་ལུགས་སྒྲོག་འགྲེལ་ཚོགས་པ+རོང་འབྲོག་པའི་སྒྲོག་འགྲེལ་མཁན”གྱི་ཕྱོགས་བསྡུས་སྒྲོག་འགྲེལ་མ་ལག་བསྐྲུན་ཡོད། རིམ་པ་སོ་སོའི་སྒྲོག་འགྲེལ་དཔུང་སྡེ་གཞི་རིམ་དུ་སྐྱོད་དེ“སྒྲོག་འགྲེལ+”ཡི་ཁྱད་ལྡན་བྱ་འགུལ4000ལྷག་སྤེལ་བ་དང་མང་ཚོགས་མི་ཐེངས་ཁྲི24ལ་ཁྱབ་ནས་ཏང་གི་མི་རིགས་གཞུང་ལུགས་སྲིད་ཇུས་ཁྱིམ་ཚང་ཁྲི་སྟོང་མང་པོར་སྒྲོག་འགྲེལ་ཐུབ་པར་སྐུལ་འདེད་བཏང་། དེ་མིན་ད་རུང་ལྗོངས་ཕྱི་ནང་གི་སྨྱན་སྦྱོར་ལས་ཁུངས54དང་དྲ་རྒྱའི་མི་སྣ་གྲགས་ཅན་གདན་དྲངས་ནས་མངའ་རིས་སུ་ཐད་གཏོང་འོས་སྦྱོར་དང་དྲིལ་སྒྲོག་གསར་འགྱུར་སྤེལ་ཤིང་། ཐད་གཏོང་ལྟ་མཁན་མི་ཐེངས་ཁྲི1324.6ལས་བརྒལ་ནས་ཕྱི་ཕྱོགས་ལ་དམིགས་པའི་དྲིལ་སྒྲོག་བྱེད་ཤུགས་ནུས་ལྡན་སྒོས་ཆེ་རུ་བཏང་ཡོད། །

 

གོང་མ།:བོད་རང་སྐྱོང་ལྗོངས་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས》སློབ་སྦྱོང་དང་དྲིལ་སྒྲོག་ལག་བསྟར་བྱེད་པའི་དཔེ་སྟོན་སྒྲོག་འགྲེལ་ཚོགས་འདུ་འཚོགས་པ།

ཞོལ་མ།:མཚོ་སྔོན་གྱིས་རིག་གནས་ཡུལ་སྐོར་མཉམ་འདྲེས་ཁྲོད་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བར་སྐུལ་འདེད་བཏང་།