གསར་འགྱུར་མེ་ལོང་།
 

མཚོ་སྔོན་གྱིས་རིག་གནས་ཡུལ་སྐོར་མཉམ་འདྲེས་ཁྲོད་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བར་སྐུལ་འདེད་བཏང་།

ཡོང་ཁུངས།:​ཀྲུང་གོ་བོད་ཀྱི་དྲ་བ།  སྤེལ་དུས།:2026-08-21  རྩོམ་པ་པོ།:​ཀྲུང་གོ་བོད་ཀྱི་དྲ་བ།  རྩོམ་སྒྲིག་པ།:    ཀློག་གྲངས།:


ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས10ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་ནས་ཤེས་གསལ་བྱུང་བ་ལྟར་ན། ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་གྱིས“འཆར་འགོད་སྣ་གསུམ”དང“བྱ་འགུལ་སྣ་དྲུག”ལག་བསྟར་གཏིང་ཟབ་ཏུ་བཏང་ནས། རིག་གནས་ཡུལ་སྐོར་མཉམ་འདྲེས་སྒུལ་ཤུགས་སུ་བྱས་ཏེ། རིགས་སོ་སོའི་མི་རིགས་འགྲོ་འོང་བརྗེ་རེས་ཀྱི་རི་མོ་བྲིས།

འབྲེལ་ཡོད་སྡེ་ཁག་གིས“མི་རིགས་མཐུན་སྒྲིལ+”སྣེ་ཁྲིད་མཉམ་འདྲེས་མཉམ་སྐྲུན་རྒྱུན་འཁྱོངས་བྱེད་པ་དང་། སྐྱེ་ཁམས་ཡུལ་སྐོར་འཆར་འགོད་ཁྲོད་རིགས་སོ་སོའི་མི་རིགས་ཀྱི་མཉམ་དུ་ཁྱིམ་གཞིས་སྲུང་སྐྱོང་གི་འདུ་ཤེས་དང་སྦྲེལ་བར་བྱས། རིག་རྫས་སྲུང་སྐྱོང་ལས་ཁུངས་ཀྱི“གསུམ་སྦྲེལ”ལོ་རྒྱུས་ནང་དོན་སྔོག་འདོན་དང་། ཡུལ་སྐོར་གྱིས“གསུམ་སྦྲེལ”ལ་སྐུལ་སྤེལ་གཏོང་བའི་དཔེ་མཚོན་ཁྱབ་བསྒྲགས་བྱས། མཚོ་སྔོན་པོ་དང་ཚྭ་ཁའི་ཚྭ་མཚོ་སོགས་ལྗོངས་ཁུལ་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་རྟགས་མཚན་སྒྲིག་བཀོད་དང་། དངོས་མང་བཤམས་སྟོན་ཁང་གི་ནང་དོན་ཚད་ལྡན་དུ་གཏོང་བ། ལས་གཉེར་མི་སྣའི་ཆེད་དོན་གསོ་སྦྱོང་བྱས་ཏེ། “གསུམ་སྦྲེལ”བྱ་བ་ལག་ལེན་ཅན་དང་། སྣང་བརྙན་ཅན་དུ་གཏོང་བར་སྐུལ་འདེད་བཏང་།

རིག་གནས་ཡུལ་སྐོར་ཐོན་རྫས་འདོན་སྤྲོད་ཇེ་ལེགས་སུ་བཏང་བ་དང་། “མཚོ་སྔོན་པོ་བསྐོར་བའི་སྐྱེ་ཁམས་ཡུལ་སྐོར”དང“རྨ་ཙོང་དམངས་སྲོལ་གསང་བརྟོལ”སོགས་ལམ་ཐིག་བཏོན་ནས། ཡུལ་སྐོར་བའི་རྒྱུ་མང་ཅན་གྱི་རིག་གནས་མཛེས་པ་མྱོང་རོལ་བྱེད་དུ་བཅུག “ཞིང་ལས་དང་ལུས་རྩལ། རིག་གནས་ཡུལ་སྐོར། ཚོང་རྫས་དང་ཁམས་གསོ”མཉམ་འདྲེས་ལས་རྣམ་དང་། གསའ་ཡི་སྲང་ལམ་དང་། ཏ་ཞིན་སྲང་ལམ་སོགས་རིག་གནས་འགྲེམ་སྟོན་སྒེའུ་གསོ་སྐྱོང་བྱས། “རི་གླུ”འཁྲབ་སྟོན་སོགས་ཀྱི་བྱ་འགུལ་གྱིས། རིགས་སོ་སོའི་མང་ཚོགས་ཀྱིས་མཉམ་དུ་གཟུགས་འདས་ཤུལ་བཞག་ལ་རོལ་བར་ནང་འགུག་བྱས་ཏེ། རིག་གནས་མཉམ་འདྲེས་ལ་སྐུལ་སྤེལ་བྱས།

རིག་གནས་ཡུལ་སྐོར་གྱིས“གསུམ་སྦྲེལ”ཞིང་ཆེན་རིམ་པའི་དཔེ་སྟོན་རྣམ་གྲངས་གསར་སྐྲུན་ལ་སྐུལ་འདེད་བཏང་བ་དང་། 《གྱིམ་ཤིང་ཀོང་ཇོ་བོད་དུ་བསྐྱོད་པ》སོགས་ཀྱི་སྒྱུ་རྩལ་བརྩམས་ཆོས་ལེགས་ཤོས་བཏོན། ཆིན་རྒྱལ་རབས་སྐབས་ཀྱི་རྡོ་བརྐོས་སོགས་རིག་རྫས་གསོན་པོར་བཏང་བ་དང་། དངོས་མང་བཤམས་སྟོན་ཁང44ཡིས་རིགས་སོ་སོའི་མི་རིགས་འགྲོ་འོང་མཉམ་འདྲེས་ལོ་རྒྱུས་མངོན། ན་ནིང་ལོར། ཞིང་ཆེན་ཡོངས་ཀྱི་དངོས་མང་བཤམས་སྟོན་ཁང་གི་ལྟད་མོ་བ་མི་ཐེངས་ཁྲི390ལས་བརྒལ་བ་དང་། སྤྱི་ཚོགས་བྱ་འགུལ་ཐེངས719སྤེལ་བ། རིག་རྫས་དེ་རིག་གནས་ངེས་ལེན་གྱི་འབྲེལ་ཟམ་ལྟ་བུར་ཆགས། དམངས་ཚིས་ལེགས་བཅོས་མཉམ་འདྲེས་གྲུབ་འབྲས་དང་དམ་དུ་འབྲེལ་ནས། རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱིས་མི་རིགས་མཐུན་སྒྲིལ་ལ་སྣེ་ཁྲིད་དང་། ལྗོངས་ཁུལ་རིམ་འཕར་དང་། ཐོན་ལས་དམངས་ཕན་ལ་སྐུལ་འདེད་བཏང་། དམངས་ཕན་འཁྲབ་སྟོན་ཐེངས2765སྤེལ་བ་དང་། མི་ཐེངས་ཁྲི164.5ལ་ཕན་ཁེ་སྐྲུན། ས་གནས15ཡི“སྡེ་བའི་དགོང་ཚོགས”རྒྱལ་ཡོངས་ཀྱི་དཔེ་སྟོན་འགྲེམ་སྟོན་བྱེད་སར་བདམས། རིགས་སོ་སོའི་མང་ཚོགས་ཀྱིས་རིག་གནས་བྱ་འགུལ་ཁྲོད་མཛའ་བརྩེ་གཏིང་ཟབ་ཏུ་བཏང་བ་དང་། སྐྱེ་ཁམས་སྲུང་སྐྱོབ་དང་། ལྗང་མདོག་འཕེལ་རྒྱས། དམངས་ཚིས་ལེགས་བཅོས་ཀྱི་ལམ་བུའི་སྟེང་བསྐྱོད་དེ། རིགས་སོ་སོའི་མི་རིགས་ཀྱི་རོགས་རེས་དང་མཐུན་སྒྲིལ་ཡར་སྐུལ་གྱི་ཁོར་ཡུག་ཅིག་གསར་སྐྲུན་བྱས། །

གོང་མ།:ནགས་རྩྭ་སྲུང་སྐྱོང་བེད་སྤྱོད་ཀྱི"ལོ་ལྔའི་འཆར་འགོད་བཅོ་ལྔ་པའི"འཆར་གཞི་ཁྱབ་བསྒྲགས་བྱས་པ།

ཞོལ་མ།:རང་རྒྱལ་གྱི་རྒྱལ་ཁབ་ཕྱོགས་བསྡུས་ལངས་གཟུགས་འགྲིམ་འགྲུལ་དྲ་བའི་ལམ་ཐག་སྤྱི་ལེ་ཁྲི600ལས་བརྒལ་ཡོད།